@那曲居民,事关供暖!

政务   2024-09-05 14:45   西藏  

关于限时市政供暖费用的通知


尊敬的市政供暖用户:


根据市委市政府工作指示和纪检监察审计、巡视巡查等关于避免国有资产流失等相关方面的督导意见精神,我公司积极推进用暖收费工作,并于2024年6月前已将《市政供暖缴(催)费通知单》送达各用户,请各用户于2024年9月16日前,缴清相关费用。


近期,有部分非居民用户和部分居民用户已完成往期欠费清缴工作,在此,我公司对以上用户的积极配合和对市政集中供暖工作作出的贡献表示感谢。


若逾期未缴清者我公司将按照《那曲市市政公用设施管理办法(试行)》第三十九条“城市供暖实行有偿服务,采(用)单位或个人必须按照相关规定如期缴纳供暖费”第五十五条“自下发催缴通知单三天后的第一个工作日开始按照日开始按日加收应缴费用千分之三的滞纳金”之规定,视为放弃市政供暖服务,并关停供暖主管网。由此产生的损失及责任,由用户自行承担,我公司概不负责。


若因逾期未缴费我公司将在下一供暖季不予打压试水和供暖,并切断用户供暖主管线,不再单独通知停供事宜。因逾期未缴费导致的停供,缴清费用后,用户单位需重新申请接入供暖,并缴纳相关费用。


特此通知。


 (联系人:德青曲桑13228962220)

 

那曲市政工程有限责任公司

2024年9月5日

དུས་བཀག་ནང་གྲོང་ཁྱེར་དོ་དམ་གྱི་དྲོད་རླངས་མཁོ་འདོན་གྲོན་དངུལ་གཙང་འཇལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ།


གུས་པར་འོས་པའི་གྲོང་ཁྱེར་དོ་དམ་གྱི་དྲོད་རླངས་མཁོ་འདོན་སྤྱོད་མཁན་རྣམ་པ།


གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་མཛུབ་སྟོན་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་རྩིས་བཤེར། དེ་བཞིན་སྐོར་ཞིབ་སྐོར་དཔྱོད་སོགས་ཀྱི་གཞུང་ཁོངས་རྒྱུ་ནོར་བར་སིམ་མི་ཡོང་བའི་འབྲེལ་ཡོད་ལྟ་སྐུལ་མཛུབ་ཁྲིད་བསམ་འཆར་གྱི་དགོངས་དོན་གཞིར་བཟུང་། ང་ཚོའི་ཀུང་སིས་དྲོད་སྤྱོད་གྲོན་བསྡུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། 2024ལོའི་ཟླ་6པའི་གོང་《གྲོང་ཁྱེར་དོ་དམ་གྱི་དྲོད་རླངས་མཁོ་འདོན་གྲོན་བསྡུའི་བརྡ་ཐོ》སྤྱོད་མཁན་ཁག་ལ་སྐྱེལ་སྤྲོད་བྱས་ཡོད།

སྤྱོད་མཁན་ཁག་གིས་2024ལོའི་ཟླ་9ཚེས་16ཉིན་གོང་འབྲེལ་ཡོད་གྲོན་དངུལ་འཇལ་དགོས།


ཉེ་འཆར་གྲོང་མི་མིན་པའི་སྤྱོད་མཁན་ཁག་གཅིགདང་གྲོང་མི་སྤྱོད་མཁན་ཁག་གཅིགགིས་སྔོན་ཆད་ཀྱི་ཆད་དངུལ་གཙང་འཇལ་གྱི་ལས་དོན་ལེགས་གྲུབ་ཟིན་ཡོད(སྤྱོད་མཁན་ཁག་གཅིག་གི་གྲོན་དངུལ་འཇལ་མཁན་གྱི་མིང་ཐོ་ཁ་གསལ་མེད་པས་བསྡོམས་རྩིས་ལ་ནོར་འཛོལ་ཐོན་སྲིད་པས།  དུས་ཐོག་ཏུ་ང་ཚོའི་ཀུང་སིར་འབྲེལ་གཏུག་བྱེད་རོགས)


གལ་ཏེ་དུས་བཀག་ལས་ཡོལ་ནས་འཇལ་མེད་ན་ང་ཚོའི་ཀུང་སིས《ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་སྤྱི་སྤྱོད་སྒྲིག་བཀོད་དོ་དམ་བྱ་ཐབས(ཚོད་ལྟ)》ཀྱི་དོན་ཚན་སོ་དགུ་པའི“གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལ་རིན་དོད་ཡོད་པའི་ཞབས་ཞུ་ལག་བསྟར་བྱེད་པ་དང་།    སྤྱོད་མཁན་སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར་དུས་བཀག་ནང་དྲོད་རླངས་མཁོ་འདོན་གྲོན་དངུལ་འཇལ་དགོས”པ་དང་། དོན་ཚན་ང་ལྔ་པའི“འཇལ་སྐུལ་བརྡ་ཐོ་སྤྲད་ནས་ཉིན་གསུམ་སོང་རྗེས་ཀྱི་ལས་ཞག་དང་པོ་ནས་བཟུང་ཉིན་རེ་བཞིན་གྲོན་དངུལ་གྱི་སྟོང་ཆ་གསུམ་གྱི་འགྱངས་དངུལ་སྣོན་བསྡུ་བྱེད་རྒྱུའི”གཏན་འབེབས་གཞིར་བཟུང་། གྲོང་ཁྱེར་དོ་དམ་གྱི་དྲོད་རླངས་མཁོ་འདོན་ཞབས་ཞུ་དོར་བར་བརྩི་རྒྱུ་མ་ཟད། དྲོད་རླངས་མཁོ་འདོན་གྱི་གཙོ་གཉེར་དྲ་བ་སྒོ་རྒྱག་རྒྱུ་ཡིན། དེ་ལས་བྱུང་བའི་གྱོང་གུན་དང་གྲོན་དངུལ་ནི་སྤྱོད་མཁན་རང་གིས་འགན་འཁུར་དགོས་པ་ལས་ང་ཚོའི་ཀུང་སིས་འགན་མི་འཁུར།


གལ་སྲིད་དུས་བཀག་ལས་ཡོལ་ནས་གྲོན་དངུལ་འཇལ་མེད་ཚེ། ང་ཚོའི་ཀུང་སིས་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་རྗེས་མའི་ཆུ་དང་དྲོད་རླངས་མཁོ་འདོན་མི་བྱེད་པ་མ་ཟད། སྤྱོད་མཁན་གྱི་དྲོད་རླངས་མཁོ་འདོན་གྱི་གཙོ་གཉེར་དྲོད་ལམ་གཅོད་པ་ལས་ལོགས་སུ་མཁོ་འདོན་མཚམས་འཇོག་བྱེད་རྒྱུའི་བརྡ་ཐོ་གཏོང་རྒྱུ་མིན། དུས་བཀག་ལས་ཡོལ་ནས་གྲོན་དངུལ་འཇལ་མེད་པའི་དབང་གིས་དྲོད་རླངས་མཁོ་འདོན་མཚམས་བཞག་པ་དང་གྲོན་དངུལ་གཙང་འཇལ་བྱས་རྗེས་སྤྱོད་མཁན་ཚན་པས་སླར་ཡང་དྲོད་རླངས་མཁོ་འདོན་བྱེད་རྒྱུའི་རེ་འདུན་ཞུ་དགོས་པ་མ་ཟད།   འབྲེལ་ཡོད་གྲོན་དངུལ་ཡང་སྤྲོད་དགོས།     


ཆེད་དོན་བརྡ་ཐོ།    


ནག་ཆུ་གྲོང་ཁྱེར་དོ་དམ་ལས་གྲྭ་འགན་འཁྲི་ཚད་ཡོད་ཀུང་སི།

2024ལོའི་ཟླ་9ཚེས་5ཉིན།

往期回顾

那曲市教育局发出公告

侵扰那曲牧民的棕熊母子被......


事关那曲乡村振兴专干

三 审:索     朗

二 审:普布塔培

编 辑:才仁拉珠


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章