ཞི་ཅིན་ཕིང་གི་རིག་གནས་སྐོར་གྱི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་འདུག

民生   2024-12-01 15:42   西藏  

欢迎提供新闻线索:lztvxwb@qq.com


སྤྱི་ཟླ་12པའི་ཚེས་1ཉིན་པར་སྐྲུན་བྱས་པའིབདེན་འཚོལདུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་ངེས་པར་དུ་དྲང་སྲུང་གསར་གཏོད་བྱ་དགོསཞེས་འཁོད་པ་དེ་སྤེལ་ཞིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2013ལོའི་ཟླ་བ་1ནས་སྤྱི་ལོ་2024ལོའི་ཟླ་བ་8པའི་བར་སྤེལ་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ལས་བཏུས་པ་ཞིག་རེད།

རྩོམ་ཡིག་ནང་། ང་ཚོས་སྒྲུབ་པ་ནི་སྔ་ན་མེད་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས། དྲང་སྲུང་བྱས་ན་གཞི་ནས་ཁ་ཕྱོགས་འཛོལ་མི་སྲིད་པ་དང་། གཏོར་བརླག་རང་བཞིན་གྱི་ནོར་འཁྲུལ་ཤོར་མི་སྲིད། གསར་གཏོད་བྱས་ན་དུས་རབས་ལ་སྟངས་འཛིན་དང་དུས་རབས་ཀྱི་སྣེ་ཁྲིད་བྱེད་ཐུབ། ཚན་རིག་གི་རྣམ་འགྱུར་ཐོག་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་། བདེན་དོན་གྱི་སྙིང་སྟོབས་ཐོག་ནས་བདེན་དོན་འཚོལ་སྙེག་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ། དུས་རབས་ཀྱི་རྗེས་སྙེག་པ་དང་། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། སྤྲོ་དགའི་རྣམ་འགྱུར་ཐོག་ནས་བྱ་དངོས་གསར་པ་མཐའ་དག་ལ་ལྟ་སྟངས་འཛིན་པ། ཤེས་རྟོགས་ཀྱི་ཡངས་ཚད་དང་ཟབ་ཚད་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ། མི་རབས་སྔོན་མ་དག་གིས་བརྗོད་མི་མྱོང་བའི་སྐད་ཆ་གསར་པ་བརྗོད་ཕོད་པར་བྱེད་པ། མི་རབས་སྔ་མ་དག་གིས་སྒྲུབ་མི་མྱོང་བའི་དོན་དག་སྒྲུབ་ཕོད་པར་བྱེད་པ། རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་ཁྲིད་བྱེད་པ་བཅས་བྱ་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་འདི་རང་གིས་ཐག་བཅད་པ་ཞིག་ནི། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་འདི་གཏན་ནས་འདོར་མི་རུང་བ་དང་། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་འདི་གཏན་ནས་འདོར་མི་རུང་བ་དེ་རེད། མར་ཁེ་སི་རིང་ལུགས་ཀྱི་ཉིང་བཅུད་དག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་སྦྲེལ་མཐུད་བྱེད་པ་དང་། གང་དེ་རིགས་པའི་གཞུང་ལུགས་ཀྱི་བཟང་ཆ་གསར་པར་འགྱུར་བར་བྱས་ཏེ། བསམ་བློའི་ཡང་རྩེ་གསར་པར་ཟམ་མི་ཆད་པར་འཛེགས་དགོས་ཞེས་ནན་སྟོན་གནང་འདུག

རྩོམ་ཡིག་ནང་། དྲང་སྲུང་གསར་གཏོད་ནི་རང་རེའི་ཏང་གིས་དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་སྔར་གྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས། དེང་རབས་ཅན་འཛུགས་སྐྲུན་ཁྲོད་གནས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་གཞིགས་ཏེ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐོག་ནས་གསར་གཏོད་འགག་གཏོར་ཟམ་མི་ཆད་པར་བྱས་པས། ཀྲུང་གོའི་རྣམ་པའི་དེང་རབས་ལ་སྐུལ་འདེད་དང་གང་དེ་རྒྱ་སྐྱེད་ལེགས་པར་གཏོང་ཐུབ་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཚོལ་ཞིབ་ནི་རྒྱུན་འཛིན་ཁྲོད་གོང་འཕེལ་གཏོང་བ་དང་། དྲང་སྲུང་ཁྲོད་གསར་གཏོད་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གསར་པ་ཞིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག དང་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོ་དང་འབྱུང་ཁུངས་དང་། རྩ་བ་དང་བླ་སྲོག་སྲུང་འཛིན་ཡག་པོ་བྱ་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་བྱེད་ཕྱོགས། གཞི་རྩའི་བྱ་ཐབས་བཅས་རྒྱུན་འཁྱོངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ཁག་རྒྱུན་འཁྱོངས་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁ་ཕྱོགས་ཡང་དག་པ་ཡོང་རྒྱུར་འགན་སྲུང་བྱ་དགོས་པ་དང་ཆབས་ཅིག གསར་གཏོད་དེ་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་མངོན་གསལ་དོད་སར་བཞག་ཐོག དུས་རབས་གོང་འཕེལ་གྱི་བླང་བྱར་བསྟུན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དམིགས་ནས། འགྱུར་ལྡོག་ངོས་འཛིན་པ་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱེད་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་བཞིན་ཕྱོགས་གཞན་པའི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གོང་འཕེལ་གྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ནས། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་དགོས་ཞེས་བསྟན་འདུག

རྩོམ་ཡིག་ནང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་དེར་དམ་འཛིན་ཡག་པོ་བྱ་དགོས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པར། གཅིག་ནས་ལམ་མི་བསྒྱུར་བ་དང་བློ་མི་བསྒྱུར་བའི་ངེས་གནས་བརྟན་པོའི་ཐོག་ནས། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། བློ་སྤོབས་བཞིབརྟན་དུ་གཏོང་རྒྱུར་གཡོ་འགུལ་གཏོང་མི་རུང་ལ། གསར་གཏོད་བྱེད་ཕོད་པ་དང་། འགག་གཏོར་བྱེད་ཕོད་པའི་བློ་སྟོབས་ཀྱི་ཐོག་ནས། བསྒྱུར་བཅོས་ཐད་ཟམ་མི་ཆད་པར་འགག་གཏོར་གསར་པ་ཐུབ་པ་བྱ་དགོས། དྲང་སྲུང་དང་གསར་གཏོད་གཉིས་གཅིག་གྱུར་ཡིན་པ་རྒྱུན་འཁྱོངས་བྱས་ཐོག བསྒྱུར་དགོས་པ་དག་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བ་དང་། བསྒྱུར་མི་རུང་བ་དག་སྒྱུར་མི་རུང་། བསྒྱུར་བཅོས་ནང་ཅི་ཞིག་བསྒྱུར་བ་ཡིན་ནའང་ཏང་གི་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དང་། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱ་རྒྱུ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱ་རྒྱུ་སོགས་རྩ་བའི་དོན་དག་དག་ལ་གཡོ་འགུལ་གཏན་ནས་གཏོང་མི་རུང་བ་དང་ཆབས་ཅིག་ཏུ་གསར་གཏོད་ཕོད་པར་བྱས་ནས། བསྒྱུར་དགོས་པ་དང་བསྒྱུར་ཆོག་པ་དག་བསྒྱུར་བཅོས་ཡག་པོ་བྱེད་པ་དང་བསྒྱུར་བཅོས་གནད་ལ་འཕིགས་པ་བྱ་དགོས་པ་དང་། བསྒྱུར་བཅོས་བྱ་རྒྱུར་གཏན་འཁེལ་ཚེ་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱ་དགོས་ཞེས་བསྟན་འདུག

རྩོམ་ཡིག་ནང་། ཀྲུང་ཧྭ་མི་རིགས་ནི་དྲང་སྲུང་གསར་གཏོད་བྱེད་མཁན་མི་རིགས་ཤིག་རེད། དྲང་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རྟགས་མཚན་ངོམ་སྟོན་བྱས་ནས། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ཡག་པའི་ཐོག་ནས་གཏོད་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་གཏོང་བའི་ཁྲོད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཆུ་འགོ་འཚོལ་དགོས། དུས་རབས་གསར་པའི་རིག་གནས་ལས་དོན་པས་ངེས་པར་དུ་དྲང་སྲུང་གསར་གཏོད་ཀྱི་དྲང་སེམས་དང་ངར་སེམས་ཐོག་ནས། ལོ་རྒྱུས་ཀྱི་རྒྱུན་སྐྱོང་བ་དང་དུས་རབས་ཀྱི་ངོ་མཚར་གཏོད་དགོས་ཞེས་བསྟན་འདུག


来 源:中央广播电视总台藏语

编 辑:尼玛普赤

复 审:顿珠、巴 洛

终 审:欧 珠






扫码关注微信、抖音







拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章