@康马县广大居民朋友 拒绝浪费,从你我做起!这份反对餐饮浪费行为倡议书请查收(汉藏双语)

政务   2024-12-10 20:49   西藏  

反对餐饮浪费行为倡议书

广大居民朋友:

中共中央总书记、国家主席、中央军委主席习近平近日对制止餐饮浪费行为作出重要指示,强调要坚决制止餐饮浪费行为,切实培养节约习惯,在全社会营造浪费可耻、节约为荣的氛围。为贯彻落实习近平总书记重要指示精神,坚决制止餐饮浪费行为,在全社会营造浪费可耻、节约为荣的氛围,引导广大居民建立文明健康绿色环保生活方式,康马县发改和经信商务局向广大居民及机构企业发出如下倡议:

一、传承传统美德。积极传承中华民族尊重劳动、珍惜粮食的传统美德,大力弘扬勤俭节约、艰苦奋斗的崇高精神;积极倡导“文明就餐、杜绝浪费”的用餐方式,营造浪费可耻、节约为荣的良好氛围。

二、文明理性就餐。自觉做中华优秀饮食礼仪文化的宣传者、实践者、监督者;树立科学饮食新理念,自觉抵制铺张浪费,拒吃野生动物,提倡绿色消费;注重膳食均衡,合理搭配菜品,适量点餐,剩餐打包,共建绿色文明的就餐环境。

三、保障食品安全。食品生产经营企业要自觉履行社会责任,严格遵守食品安全相关法律和标准规范,规范经营行为,明确标价,货真价实,诚实守信;推动绿色厨房创建,积极开展节能节水改造,做好垃圾分类,营造安全便利的消费环境,保障“舌尖上的安全”。

四、创新服务方式。餐饮企业要自觉践行餐桌文明,引导消费者适量点餐;积极推行“分餐制、公筷制、双筷制”;提供“半分、半价”“小份、适价”服务方式,倡导“光盘行动”;带头不使用一次性餐具,提供环保打包服务。

五、发挥典型示范。各级文明单位、文明村镇、文明家庭、文明校园及道德模范等精神文明建设先进典型要充分发挥带头示范作用,做抵制餐饮浪费行为、培养节约习惯的践行者和推动者,引领文明餐桌新风尚。



康马县发改和经信商务局宣

བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་གྲོས་འདོན་ཡི་གེ

རྒྱ་ཆེའི་གྲོང་མི་དང་གྲོགས་པོ་རྣམ་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུའི་ཐད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་གནང་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་གྲོན་ཆུང་གི་གོམས་གཤིས་གསོ་སྐྱོང་ཏན་ཏིག་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་འཕྲོ་བརླག་བཏང་ན་ངོ་ཚ་དང་གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི་རྣམ་པ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་སུ་འཕྲོ་བརླག་གཏོང་བ་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་གཏོད་ནས་རྒྱ་ཆེའི་གྲོང་མིར་ཡ་རབས་སྐྱོན་བྲལ་ངང་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་བསྐྱལ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁང་དམར་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུས་ཀྱིས་རྒྱ་ཆེའི་གྲོང་མི་དང་སྒྲིག་གཞིའི་ཁེ་ལས་རྣམས་ལ་གྲོས་འགོ་བཏོན་རྒྱུ་གཤམ་གསལ།

གཅིག སྲོལ་རྒྱུན་གྱི་སྤྱོད་བཟང་རྒྱུན་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱིས་ངལ་རྩོལ་ལ་བརྩི་འཇོག་དང་འབྲུ་རིགས་ལ་གཅེས་སྤྲས་བྱེད་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་རྒྱུན་འཛིན་ཧུར་ཐག་བྱས་ཏེ་ཧུར་བརྩོན་གྲོན་ཆུང་དང་དཀའ་སྤྱད་འབད་འཐབ་ཀྱི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། “ཡ་རབས་ཟས་སྤྱོད་དང་འཕྲོ་བརླག་གཏན་འགོག་” བྱེད་པའི་ལམ་སྲོལ་དར་སྤེལ་བཏང་ནས། “གྲོན་ཆུང་བྱས་ན་གཟི་བརྗིད་དང་འཕྲོ་བརླག་བཏང་ན་ངོ་ཚ་”ཡིན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

གཉིས། ཡ་རབས་ཚུལ་མཐུན་གྱི་ཟ་མ་སྤྱོད་པ། རང་འགུལ་ངང་ཀྲུང་ཧྭའི་ཕུལ་བྱུང་བཟའ་བཏུང་གུས་སྲོལ་རིག་གནས་དྲིལ་བསྒྲགས་མཁན་དང་། ལག་ལེན་མཁན། ལྟ་སྐུལ་མཁན་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་བཟའ་བཏུང་གི་འདུ་ཤེས་གསར་པ་འཛུགས་པ་དང་།  རང་རྟོགས་ཀྱིས་ཡོངས་ཁྱབ་ཏུ་འཕྲོ་བརླག་གཏོང་རིགས་བཀག་འགོག་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་མི་ཟ་བ། འབྱུང་འཕྲོད་འཛད་སྤྱོད་དར་སྤེལ་གཏོང་བ་དང་བཟའ་བཅའ་དོ་སྙོམས་ཡོང་རྒྱུར་སྣང་ཆེན་བྱས་ནས་ཚལ་རིགས་སྣ་ཁ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་ལྟོ་ཆས་འོས་འཚམ་འདེམས་པ། ཟས་ལྷག་ཐུམ་རྒྱག་པའི་ཡ་རབས་ཤེས་དཔལ་གྱི་བཟའ་བཏུང་ཁོར་ཡུག་མཉམ་དུ་གཏོད་དགོས།

གསུམ། བཟའ་ཆས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཁེ་ལས་ཀྱིས་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་།  ཟས་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། རིན་གོང་གསལ་པོ་འགོད་པ་དང་། དངོས་ཟོག་དང་རིན་གོང་ལུགས་མཐུན།  ཁ་དན་ཚིག་གནས་བཅས་བྱས་ནས་གནོད་མེད་ཐབ་ཚང་བསྐྲུན་རྒྱུར་སྐུལ་འདེད་བཏང་ཏེ་ནུས་རྒྱུ་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་ཧུར་ཐག་བྱེད་པ། གད་སྙིགས་རིགས་དབྱེ་ཡག་པོ་བྱེད་པ། བདེ་འཇགས་དང་སྟབས་བདེ་བཅས་ཀྱི་ཐོག་ནས་འཛད་སྤྱོད་པར་“བཟའ་བཅའི་བདེ་འཇགས”འགན་ལེན་བྱེད་དགོས།

བཞི། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་དགོས། བཟའ་བཏུང་ཁེ་ལས་ཀྱིས་རང་འགུལ་ངང་ཡ་རབས་སྲོལ་བཟང་གི་ཟས་སྤྱོད་གོམས་གཤིས་ལག་བསྟར་བྱས་ནས་འཛད་སྤྱོད་པས་བག་མེད་ཀྱིས་བཟས་རིགས་མི་འདེམས་པ་དང་“ཟས་བགོས་ལམ་ལུགས་དང་སྤྱི་སྤྱོད་ཐུར་མའི་ལམ་ལུགས། ཐུར་མ་གཉིས་ཀྱི་ལམ་ལུགས”ཁྱབ་སྤེལ་གཏོང་དགོས། “སྐར་ཕྱེད་དང་རིན་ཕྱེད་”“ཉུང་ཙམ་དང་རིན་གོང་འཚམ་པོ་”བཅས་ཀྱི་ཞབས་ཞུའི་རྣམ་པ་གཏོད་ནས་“སྡེར་གཙང་བྱ་སྤྱོད”དར་སྤེལ་གཏོང་དགོས། སྤྱོད་ཐེངས་གཅིག་རང་བཞིན་གྱི་གསོལ་ཆས་མི་སྤྱོད་པ་དང་ཁོར་ཡུག་སྲུང་སྐྱོང་གི་ཐུམ་སྒྲིལ་ཞབས་ཞུ་བསྐྲུན་དགོས།

ལྔ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། རིམ་ཁག་ཤེས་དཔལ་ཚན་པ་དང་གྲོང་ཚོ། གྲོང་རྡལ། ཁྱིམ་ཚང་། སློབ་གྲྭ་དེ་བཞིན་ཀུན་སྤྱོད་དཔེ་བཟང་སོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྔོན་ཐོན་དཔེ་མཚོན་གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་བྱས་ནས་གྲོན་ཆུང་བསྲི་ཚགས་ཀྱི་གོམས་གཤིས་བསྐྱངས་རྒྱུ་དང་ཤེས་དཔལ་གསོལ་ལྕོག་གི་དར་སྲོལ་གསར་པར་ཁྲིད་སྟོན་བྱེད་དགོས།



ཁང་དམར་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད་ནས་   བསྒྲགས།

还有这些内容值得关注:





中国共产党康马县第十届委员会第七次全体会议举行


县委全面深化改革委员会专项小组会议召开


康马县召开“两新”工作推进会 加速政策落地见效 不断惠及更多群众


运用“3+3+3”工作法 绘就基层治理新“枫”景


珠峰新时代文明实践•康马篇 | 南尼乡各行政村文艺大比拼,“艺”彩纷呈!

来源:县发改和经信商务局
编辑:李 婷 婷
初审:李 婷 婷
复审:曲     达
终审:次仁多吉

县委进一步改进作风狠抓落实工作举报方式

举报电话:

0892-8212740

举报邮箱:

kmxdcs@sina.com

举报信箱点位:

党政办公楼大门右侧、政府楼大门左侧

邮政信箱:

康马县党政办公楼作风办212办公室

康马县发布
发布县域动态
 最新文章