ཉེ་དུས། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པར་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་ཞིག་འབྱོར་ནས། འཁོར་ལམ་གང་བྱུང་དུ་སྒྱུར་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཐག་གཅོད་བྱས་པ་རེད།
近期
拉萨交警收到群众举报
处置了一起
随意变更车道的违法行为
ཁྲིམས་འགལ་རླངས་འཁོར།
违法车辆
དུས་ཚོད། ༢༠༢༤ལོའི་ཟླ་༡༠ཚེས་༣༠ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༢༠སྟེང་།
ས་གནས། པེ་ཅིང་ནུབ་ལམ།
རླངས་འཁོར་ཨང་རྟགས།་ བོད་A****2
འཁོར་བདག ཧྥན་ཆེ་གེ་མོ།
违法时间:2024年10月30日09时20分许
违法地点:北京西路
车牌号码:藏A****2
车主姓名:樊**
རླངས་འཁོར་གྱི་འགྲོ་འོང་པར་ཆས་བརྙན་ལམ་བརྒྱུད་ནས་བལྟས་ན། རླངས་འཁོར་ཞིག་ལམ་ཐིག་ཐོག་ཐད་ཀར་བསྐྱོད་སྐབས། མདུན་ཕྱོགས་ཀྱི་ཨང་རྟགས་བོད་A****2་ཅན་གྱི་རླངས་འཁོར་དཀར་པོས་གློ་བུར་དུ་གཡས་ཕྱོགས་སུ་ཁ་བསྒྱུར་བས། རླངས་འཁོར་ཕྱི་མས་འཕྲལ་མར་འཁོར་བསྒག་མནན་པས་ཅུང་ཙམ་མ་གཏོགས་འགྲིམ་འགྲུལ་དོན་རྐྱེན་བཟོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
通过行车记录仪视频发现,后车车辆正常行驶过程中,前方号牌为藏A****2的白色小型轿车突然右转,致使后车紧急刹车,险些造成交通事故。
ཐེར་འདོན་གོང་ཞུ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱིས་དོན་དེར་མཐོང་ཆེན་བྱས་ཏེ། འཕྲལ་མར་ཐེར་འདོན་བྱས་པའིུ་རླངས་འཁོར་གྱི་འཁོར་བདག་ཧྥན་ཆེ་གེ་མོ་དང་འབྲེལ་བ་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཧྥན་ཆེ་གེ་མོར་གང་བྱུང་དུ་འཁོར་ལམ་སྒྱུར་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཟིན་ཐོ་ཡོད་པས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས༽ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཁོ་པར་ཁྲིམས་ལྟར་ཆད་པ་བཅད་པ་རེད།
接到举报后,拉萨市公安局交通警察支队城西大队高度重视,立即联系被举报车辆的车主樊某某前往大队接受处理。经查,樊某某存在随意变更车道的交通违法行为。拉萨市公安局交通管理部门依照《中华人民共和国道路交通安全法》相关规定,对其依法作出处罚。
འབྲེལ་ཡོད་བཅའ་ཁྲིམས་སྒྲིག་སྲོལ།
༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས༽ནང་གསེས་དོན་ཚན་དགུ་བཅུ་པ།
ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གཞུང་ལམ་བགྲོད་བསྐྱོད་སྐོར་གྱི་བཅའ་ཁྲིམས་དང་འགལ་ན། དེར་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།
༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ལག་བསྟར་སྲོལ་ཡིག༽ནང་འཁོད་པའི་དོན་ཚན་ཞེ་བཞི་པའི་ནང་གསེས་དོན་ཚན་གཉིས་པ།
གཞུང་ལམ་གྱི་ཁ་ཕྱོགས་གཅིག་ལ་འཕྲུལ་སྒུལ་འཁོར་ལམ་༢ཡན་ཡོད་ཚེ། འཁོར་ལམ་བསྒྱུར་འདོད་པའི་འཕྲུལ་སྒུལ་འཁོར་ལོས་ལམ་ཐིག་དེའི་ནང་བསྐྱོད་བཞིན་པའི་འཕྲུལ་སྒུལ་འཁོར་ལོར་ཤུགས་རྐྱེན་བཟོ་མི་ཆོག
《中华人民共和国道路交通安全法》
第九十条 机动车驾驶人违反道路交通安全法律、法规关于道路通行规定的,处警告或者二十元以上二百元以下罚款。本法另有规定的,依照规定处罚。
《中华人民共和国道路交通安全法实施条例》
第四十四条第二款 在道路同方向划有2条以上机动车道的,变更车道的机动车不得影响相关车道内行驶的机动车的正常行驶。
ཚུལ་བཞིན་རླངས་འཁོར་ཁ་བསྒྱུར་དགོས།
༡ མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་རླངས་འཁོར་ལ་གསལ་པོར་ལྟ་དགོས་པ།
རྒྱབ་ཤེལ་བརྒྱུད་ནས་མཐའ་འཁོར་ལམ་གྱི་གནས་ཚུལ་དང་གཞོགས་གཉིས་ཀྱི་རླངས་འཁོར་གྱི་གནས་ཚུལ་ལྟ་ཞིབ་ཡག་པོ་བྱས་ནས། ལམ་སྒྱུར་འཚམ་མིན་བརྟག་དགོས།
༢ ལམ་མ་བསྒྱུར་བའི་སྔོན་ལ་ཁ་ཕྱོགས་བསྒྱུར་བའི་གློག་སྒྲོན་སྤར་དགོས།
ཁ་བསྒྱུར་བའི་གློག་སྒྲོན་བརྒྱབ་ནས་མཐའ་འཁོར་གྱི་རླངས་འཁོར་ལ་ལམ་བསྒྱུར་དགོས་པའི་བརྡ་གཏོང་དགོས།
༣ ཁ་དལ་མོར་བསྒྱུར་ནས་ལམ་ཐིག་བརྗེ་བ།
ཚད་ཆུང་བའི་སྒོ་ནས་ཁ་སྒྱུར་ནས་དལ་མོར་ལམ་ཐིག་བརྗེ་དགོས། མགྱོགས་མྱུར་ངང་ལམ་ཐིག་བརྗེ་མི་རུང་།
༤ ལམ་ཐིག་བསྒྱུར་སྐབས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་ལས་ཐེངས་གཅིག་ལ་འཁོར་ལམ་མང་པོ་བསྒྱུར་མི་རུང་།
观察后视镜,观察周边路况及车辆两侧盲区是否有其他车辆接近,判断是否适合变道。
及时打转向灯,向周边车辆示意变道。
● 不可一次变更多条车道:
ལམ་ཐིག་ངོ་མ་ཡོད་སར་བསྒྱུར་མི་རུང་།
● 实线不可变道:
ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
རླངས་འཁོར་གཏོང་སྐབས་ངེས་པར་དུ་རང་ཉིད་ཀྱི་ལམ་ཐིག་ལྟར་བསྐྱོད་དགོས་པ་ལས།
གང་འདོད་དུ་རང་ཤེད་ཚ་པོས་ལམ་ཐིག་བསྒྱུར་མི་རུང་།
ཁ་ལོ་བ་རྣམས་ཀྱིས་འདིའི་སྐོར་གྱི་འགྲིམ་འགྲུལ་བདེ་འཇགས་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས།
拉萨交警提示
行车也须有“道”
任性变道“驶”不得
请广大驾驶员
增强安全驾驶意识
切莫随意“变变变”
主审 : 王 韬
审编 : 白玛拉姆
编辑 : 格桑多吉
来源 : 阳光西藏、拉萨发布
索县互联网信息办公室发布
索县互联网违法信息与不良信息举报中心
举报电话0896—3702840