གཡང་རྟེན་གསེར་འོད་པར་མ།སྐུ་ཡི་གཟུངས་གཞུག་པར་མ།དགོས་མཁན་ཚོས་འབྲེལ

文摘   2024-10-12 09:00   青海  

ཀླད་ཀྱི་积善造福ཞེས་པ་དེར་ནོན་ཏེ་དོ་ཁུར་གྱིས་དང་ནང་དོན་གསན་གལ་ཆེ་བ་མཐོང་ཐུབ།


ད་ལྟའི་འཛམ་གླིང་གི་ཛ་དྲག་གནས་ཚུལ་ཤེས་འདོད་ན་འཕྲིན་སྟེགས་ལ་དོ་ཁུར་གྱིས།

         







   ཁམས་ཀྱི་ཤིང་པར་པར་མའི་འགྲེལམ་སྤེལ་དྲྭ་ལམ་ཚོང་འཕྲིན།

 ༡ པར་མ་ཚད་ལྡན་ཞིག་ཡིན་ན་ལོ་ངོ་སྟོང་ཕྲག་ནས་ཁྲི་ཕྲག་ལ་གནས་ཐུབ།




      མདོ་དབུས་མཐོ་སྒང་དུ་ཤིང་པར་ཐོག་ཏུ་རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་སོགས་ལག་པའི་རྩལ་ལ་བསྟེན་ནས་བརྐོ་བའི་ལུགས་སྲོལ་དར་བ་ནས་བཟུང་། གཅིག་ལས་དུ་མར་འཆར་བའི་ཁྱད་ཆོས་དང་། ནང་ཆོས་ཀྱི་རིག་གཞུང་དང་། སྐད་ཡིག། ཡུལ་སྲོལ་གོམས་གཤིས་སོགས་བོད་རང་གི་ཡིད་བཞིན་ནོར་བུ་ལྟ་བུའི་རིག་གཞུང་དག་རྒྱུད་འཛིན་དར་སྤེལ་སོགས་ལ་བླ་ན་མེད་པའི་ཞབས་འདེགས་རྒྱ་ཆེར་ཐོན།  སྲོལ་རྒྱུན་གྱི་རིག་པ་ལས་བྱུང་བའི་༼པར་མ་༽ནི་ལོ་ངོ་ཅི་ཙམ་བརྒལ་ཡང་ཡིག་གཟུགས་རང་ཤུགས་ཀྱིས་ལོ་གྲངས་འགའ་སོང་མཚམས་སུ་འདའ་འགྲོ་བ་དང་། མེད་པར་འགྱུར་ཞིང་དག་འགྲོ་བ་མི་ཡོང་ཞིང་། ལོ་གྲངས་སྟོང་ལྷག་སོང་ཡང་མ་ཉམས་པ་སོ་གནས་ཐུབ། དཔེར་ན་ཁྲོ་ཤུལ་མཁར་གྱི་གནའ་རྫས་ནང་གི་ལྡོང་མི་ཉག་སྐབས་ཀྱི་བོད་ཡིག་པར་མ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སོ་འབྲང་མའི་འཁོར་ལོ་སོགས་ཀུན་ཀྱི་མཐོང་ཡུལ་གྱུར་ཏོ། །



01

འཕགས་པ་གསེར་འོད་ས་བཅུའི་མ་པར་མའི་ལོ་རྒྱུས་མདོར་བསྡུས།


     འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་སྡེ་དགེའི་ཆོས་རྒྱལ་ཆེན་མོ་བསྟན་པ་ཚེ་རིང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་གཉིས་ནས་ཆེད་དུ་གཡང་སྒམ་སོགས་ཀྱི་ནང་དུ་འཇོག་རྒྱུ་ལ་དམིགས་ནས་བསྒྲིགས་ཏེ། མི་རབས་ནས་པར་ཁང་གི་པར་བརྐོས་པ་ཀུ་སེ་ལུང་པའི་པར་བརྐོས་པ་རྣམས་ཀྱིས་ལག་པའི་རྩལ་ལ་བསྟེན་ནས་པར་དུ་བརྐོས་པ་གསལ་ཞིང་། ཕྱིས་སུ་ཤིང་པར་དེ་ཉིད་དཔལ་སྤུངས་དགོན་པར་གདན་དྲངས་ཏེ་དུས་འགྱུར་གྱི་སྐབས་སུ་པར་ཤིང་འཕྲོ་བརླག་ཏུ་ཕྱིན། ལོ་ཤས་སྔོན་སྐབས་དེའི་པར་མ་རྙིང་པ་ཆ་ཚང་ཞིག་ལག་སོན་དུ་བྱུང་ནས། དེ་ཉིད་པར་གཞི་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོར་ཁམས་སྡེ་དགེ་ཀུ་སེ་ལུང་པའི་པར་བརྐོས་པ་རྩེ་གྲ་གསུམ་ལ་ཆེད་དུ་བརྐོ་རུ་བཅུག་སྟེ།  སྲོལ་རྒྱུན་དཔར་འདེབས་བྱེད་སྟངས་ནང་བཞིན། བོད་ཤོག་གི་ཐོག་ཏུ།  རྒྱ་མཚལ་ཅོག་ལའམ་རང་བྱུང་མཚལ་རྒོད་ཀྱི་ནང་དུ། ཕབ་རྟ། གཡང་རྫས་དང་། རིན་ཆེན་བཞི། བཟང་པོ་དྲུག། དྲི་བཟང་། རྟེན་རྫས་བྱིན་ཅན།  འཕགས་བོད་ཀྱི་གནས་ཆེན་ཁག་གི་ས་སྣ་དང་ཆུ་སྣ་སོགས་ཚད་དང་ལྡན་པ་ལག་སོན་བྱུང་བ་རྣམས་བསྲེས་ཤིང་པར་དུ་བཏབ་ནས་ད་སྐབས་བླུ་གཏོང་བཞིན་པའོ། །འདི་ནི་གཡང་སྒམ་ནང་དུ་འཇོག་པ་དང་གཡང་རྟེན་བྱས་པ་ཡིན་ན་ཕན་ཐོགས་ཆེ་ཞིང་། ༼མདོ་གསེར་འོད་དམ་པ་ལས།༽ སྡིག་པ་ཀུན་ཀྱང་ཟད་པར་འགྱུར། །སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད། །བདེ་བ་ཐམས་ཅད་སྦྱིན་བྱེད་ཅིང་། །དཔལ་ཀུན་གྱིས་ཀྱང་བརྒྱན་པར་འགྱུར། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །རྨི་ངན་ལྟས་སྡིག་འཇོམ་པ་དང་། །སྡུག་བསྔལ་ཐམས་ཅད་བཟློག་པས་ནི། ། ཡོངས་སུ་མ་ལུས་ཟད་པར་འགྱུར། །དཀར་ཕྱོགས་ལྷ་དང་བསྲུང་མས་ཀྱང་། །ཉིན་མཚན་རྟག་ཏུ་མི་འབྲལ་བར། །གང་ཟག་དེ་ལ་སྲུང་བར་བྱེད།  །འདི་ཡི་བསོད་ནམས་ཚད་མེད་པས། །གང་གཱའི་བྱེ་སྙེད་གྲངས་ལས་འདས། །རྟག་པར་དགའ་བའི་སེམས་སྐྱེད་ན། །ཡོན་ཏན་མང་པོ་སྐྱེ་བར་འགྱུར། །གང་ཞིག་གུས་པའི་སེམས་དག་གིས། །མདོ་སྡེ་འདི་ནི་ཉན་བྱེད་ན། །ལེགས་པར་མི་ཡི་འགྲོར་སྐྱེ་ཞིང་། །སྡུག་བསྔལ་བགེགས་དང་འབྲལ་བར་འགྱུར། །དེ་ནི་དགེ་རྩ་སྨིན་པས་ན། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡིན། །ཞེས་སོགས་འབྱུང་ངོ་། །པར་མ་འདིའི་རྒྱུ་ཆ་སོགས་དེང་རབས་ཀྱི་རྫས་འགྱུར་གྱིས་མ་ལྷད་ཅིང་། ཧ་ཅང་སྤུས་ཚད་དང་ལྡན་ཞིང་། ཐོན་ཁུངས་ཀྱང་ཧ་ཅང་གསལ་པོ་ཡིན། དཔེ་ཆ་འདིའི་སྣ་རིང་ཐུང་ལ་སྐར་32དང་། ཞིང་ཆེ་ཆུང་སྐར་7དང་ཕྱེེད་ཡིན། གཡང་སྒམ་ནང་དུ་འཇོག་ན་ཧ་ཅང་ཆེ་ཆུང་འཚམས་པོ་ཡོད་དོ། །གཡང་རྟེན་བླུ་དགོས་མཁན་ཚོས་དོ་ཁུར་གནང་བར་བཀའ་དྲིན་ཆེ།



2024/10/06



02


༣སངས་རྒྱས་བྱང་སེམས་རྣམས་ཀྱི་ནང་སྙིང་ལྟ་བུའི་གཟུངས་གཞུག་ཚད་ལྡན་པར་མ།༽

སྡེ་དགེ་པར་ཁང་གི་གཟུངས་གཞུག་གཞིར་བཟུང་ཐོག།  ད་དུང་དེའི་ནང་མེད་པ་མ་དཔེ་ལག་སོན་བྱུང་བ་འགའ་རེ་ཡང་ཁ་སྣོན་བྱས་ཏེ་ཤིང་པར་ལག་བརྐོས་དག་མ་བྱས་ཏེ་བརྐོས་ཤིང་། རང་བྱུང་ཁམས་ཀྱི་ཐོན་རྫས་ཀྱིས་བོད་ཤོག་བཟོས་ཏེ། རྒྱལ་མཚལ་ཅོག་ལ་ཞེས་པའི་ནང་དུ། བཟང་དྲུག་དང་། རིན་ཆེན་བཞི། གཡང་རྫས། གུར་གུམ་སོགས་དྲི་བཟང་གི་རིགས། ས་སྣ་དང་ཆུ་སྣ་སོགས་བསྲེས་ཏེ། ལག་པར་དག་མའི་དཔར་དུ་བཏབ་པའི་གཟུངས་གཞུག་གི་རིགས་འོག་ཏུ་བཀོད་པ་དང་། ད་དུང་འདིར་མ་འཁོད་པ་འགའ་རེའང་ཡོད་སྲིད་དོ།།༼གཟུངས་གཞུག་གི་སྐོར།༽  རྙིང་གཟུངས་བཀའ་རྒྱ་མའི་གཟུངས།  གཟུངས་ཆེན་སྡེ་ལྔ། ཉེ་བའི་སྲས་ཆེན་བརྒྱད། སྒྲོལ་མ་ཉེར་གཅིག་གི་གཟུངས། གདུགས་དཀར་གྱི་གཟུངས། འཁོར་ལོ་འབར་བའི་གཟུངས། ཤཱཀ་ཐུབ་ཀྱི་གཟུངས་རིང་། ཤཱཀ་ཐུབ་ཀྱི་གཟུངས་ཐུང་། འོད་དཔག་མེད་ཀྱི་གཟུངས། འོད་མཚན། ཀུན་ཏུ་བཟང་པོའི་གཟུངས། ས་སྙིང་གི་གཟུངས། རྣམ་སྣང་གི་གཟུངས། མི་འཁྲུགས་པའི་གཟུངས། སྨན་བླའི་གཟུངས། ཚེ་ལྷ་རྣམ་གསུམ་གྱི་གཟུངས། འཇམ་ཕྱག་སྤྱན་གསུམ་གྱི་གཟུངས། འཇམ་དབྱངས་དཀར་པོའི་གཟུངས། སྨྲ་སེང་གེ་གཟུངས། ཆོས་ལོངས་སྤྲུལ་གསུམ་གྱི་གཟུངས། མཁན་སློབ་ཆོས་གསུམ་གྱི་གཟུངས། ཚིགས་བདུན་གསོལ་འདེབས་ཀྱི་གཟུངས། གུ་རུ་གཙོ་འཁོར་གསུམ་གྱི་གཟུངས། གུ་རུ་མཚན་བརྒྱད་ཀྱི་གཟུངས། ཀླུ་སྒྲུབ་ཀྱི་གཟུངས། ལོ་གྱོན་མའི་གཟུངས། རིག་བྱེད་མའི་གཟུངས། སེང་གདོང་མའི་གཟུངས། ཤེར་ཕྱིན་གྱི་གཟུངས། རྡོ་རྗེ་སེམས་དཔའི་གཟུངས། བཀའ་དགོངས་ཕུར་གསུམ་གྱི་གཟུངས། བཀའ་གུར་ཕུར་གསུམ་གྱི་གཟུངས། ཕུར་པ་མགུར་ཁུག་མའི་གཟུངས། རྟ་མགྲིན་གྱི་གཟུངས། ཁྱུང་དམར་གྱི་གཟུངས། རྡོ་རྗེའི་གོ་ཁྲབ་ཀྱི་གཟུངས། ཀློང་ཆེན་རབ་འབྱམས་ཀྱི་གཟུངས། འཇིགས་མེད་གླིང་པའི་གཟུངས། སྨིན་གླིང་གཏེར་ཆེན་གྱི་གཟུངས། སྨིན་གླིང་ལོ་ཆེན་གྱི་གཟུངས། མཁྱེན་ཀོང་མཆོག་གསུམ་གྱི་གཟུངས། ཉི་གྲགས་ཀྱི་གཟུངས། བླ་མ་མི་ཕམ་གྱི་གཟུངས། ས་སྐྱ་གོང་མ་རྣམ་ལྔའི་གཟུངས། ཐང་རྒྱལ་རང་གཟུངས། ས་སྐྱའི་གཟུངས་རིང་། མར་མི་དྭགས་གསུམ་གྱི་གཟུངས། རྡོ་རྗེ་འཆང་གི་གཟུངས། ཏེ་ལོ་པའི་གཟུངས། ནཱ་རོ་པའི་གཟུངས། བདེ་མཆོག་གི་གཟུངས། རྒྱལ་བ་རྒྱ་མཚོའི་གཟུངས། འཕགས་མོ་གྲུབ་པའི་གཟུངས། ཀརྨ་དུས་མཁྱེན་གྱི་གཟུངས། སྐྱོབས་པ་འཇིག་རྟེན་མགོན་པོའི་གཟུངས། ཨ་ཕྱི་ཆོས་སྒྲོན་གྱི་གཟུངས། བཀའ་བརྒྱུད་གསེར་ཕྲེང་གི་གཟུངས། རྗེ་ཡབ་སྲས་གསུམ་གྱི་གཟུངས། གསང་འདུས། བདེ་མཆོག འཇིགས་བྱེད། དམིགས་བརྩེ་མའི་གཟུངས། ཚུལ་ཁྲིམས་རྣམ་དག་གི་གཟུངས། སྐུ་སྐུ་སྟོད་སངས་རྒྱས་བྱང་སེམས་ཀྱི་གཟུངས། སྐུ་སྨད་སངས་རྒྱས་བྱང་སེམས་ཀྱི་གཟུངས། དབུ་གཟུངས། མགྲིན་གཟུངས། ཐུགས་གཟུངས། རྟེན་འབྲེལ་སྙིང་པོའི་གཟུངས། དབྱངས་གསལ་གྱི་གཟུངས། པད་གདན་གྱི་གཟུངས། ནོར་ལྷའི་གཟུངས། པད་གདན་ཆོས་སྐྱོང་གི་གཟུངས། ཛཾ་ལྷ་རིགས་ལྔའི་གཟུངས། འདོད་གསོལ་གྱི་གཟུངས། བཀྲིས་འདོད་གསོལ་གྱི་གཟུངས། མགོན་པོ་སྤྱི་སྔས་ཀྱི་གཟུངས། མགོན་པོ་ཚོགས་བདག་གི་གཟུངས། མགོན་མ་ཧཱ་ཀ་ལའི་གཟུངས། ཚེ་རིང་མཆེད་ལྔའི་གཟུངས། གེ་སར་གྱི་གཟུངས། གནོད་སྦྱིན་ཙིའུ་དམར་པོའི་གཟུངས། དཔལ་ལྡན་ལྷ་མོའི་གཟུངས། མགོན་པོ་ལྕག་དྲལ་གྱི་གཟུངས། མ་གཟའ་དམ་གསུམ་གྱི་གཟུངས། རྟེན་སྙིང་གི་གཟུངས། རིག་པ་ཕུག་རོན་གྱི་གཟུངས། མཆོད་རྟེན་བྱེ་འགྱུར་གྱི་གཟུངས། སཱཙྪའི་གཟུངས་བཅས་སོ།།གཟུངས་གཞུག་བླུ་དགོས་མཁན་ཚོས་དོ་ཁུར་གནང་བར་བཀའ་དྲིན་ཆེ། 


01

༤པར་འདེབས་ཀྱི་རྒྱུ་ཆ།


  དང་པོ་ཤོག་བུ་ནི། ཤོག་ཤིང་ལོ་ཏ་དང་། ཨང་གྷེ་ལི།  དུང་ལོ་དཀར་པོ།  རེ་ལྕག་སོགས་ཤོག་བུའི་གྲུབ་ཆ་ཆ་ཚང་འཛོམས་པའི་ཐོག། བོད་རང་གི་མཐོང་ཐོས་རྒྱུད་པའི་མན་ངག་གཞིར་བཟུང་བྱས་ཏེ་བཟོ་སྐྲུན་བྱས་པ་དང་།


02

གཉིས་པ་མཚལ་ནི།



     དེང་སང་གི་རྫས་མི་གཙང་བས་འབགས་ལྷད་མ་ཤོར་བ་དང་།  རང་བྱུང་གི་རྒྱུ་ཆ་སྤུས་དག་རྒྱ་མཚལ་ཅོག།  ཅོག་ལ་མའང་འབོད།  དེ་ཉིད་ལས་སྣོན་མ་བྱས་པའི་སྔོན་མཚལ་རྒོད་ཅེས་ཀྱང་ཟེར། ལས་སྣོན་བྱས་ཟིན་པའི་རྗེས། སྨན་རྫས་དང་། དེ་ནི་ཡི་གེ་འབྲི་དཔར་སོགས་ལའང་ཧ་ཅང་བྲིན་ཆེ་བའི་རྒྱུ་ཆ་ཞིག་ཡིན།  དམངས་ཁྲོད་ཀྱི་གཏམ་ལས།  "གསེར་འབུམ་ཉི་མ་ཤར་འདྲ་ཡོད།  །དངུམ་འབུམ་ཟླ་བ་ཚེས་འདྲ་ཡོད། །མཚལ་འབུམ་མེ་ལྕེ་མཆེད་འདྲ་ཡོད། །"ཅེས་གྲགས། སྣག་ཚ་ཡང་མེས་པོའི་སྲོལ་རྒྱུན་བཞིན། ཤིང་སྟག་པའི་ཤུན་པ་གྲོ་གའི་དུ་དྲེག་ནང་དུ། མེས་པོའི་ཕྱག་སྲོལ་ལྟར་རྫས་དང་སྨན་སྣ་སོགས་བསྲེ་ནས་བཟོས་པ་ཡིན་ན་ཧ་ཅང་ཡིན་རྟོན་ཆོག་པ་དང་ཕྱི་གསལ་ནང་གསལ་གྱི་གཙང་མ་སྤུས་དག་ཅིག་ཀྱང་ཡོང་བ་ཡིན་ནོ། །



གསུམ་པ་འདིའི་རྟ་ཕབ་གཙོ་བོ་ནི། 


     སྙིགས་དུས་ཀྱི་མི་ལ་གཉིས་པ། གྲུབ་ཆེན་ཀརྨ་ནོར་བུའི་ཐུགས་ཟིན་གྱི་བུ་ཆེན། བླ་མ་ཀར་སྟོབས་མཆོག་གིས་བསྡུ་སྒྲུབ་གནང་བའི་གཡང་རྫས་འབྱུང་བཅུད་རིལ་བུས་གཞིར་བཟུང་། གུ་རུ་རིན་པོ་ཆེས་བསམ་ཡས་བཞེངས་སྐབས་འཛམ་གླིང་གནས་མཆོག་ཡོངས་ཀྱི་འབྱུང་བཅུད་ཀུན་འདུས་ཞེས་པ་སྦྲགས་ཡང་རྫོང་གི་གནས་ཕུག་ནས་གཏེར་དུ་བཞེས་པ།དྭགས་ལྷ་དགོན་གྱི་རྟེན་ཁྲོད་ནས་བྱུང་བའི་གངས་ལྗོངས་གནས་ཆེན་ཡོངས་ཀྱི་རིལ་བུ་དང་། མཚུར་ཕུའི་རྟེན་ཁྲོད་ནས་བྱུང་བའི་འཛམ་གླིང་ས་ཆུ་འབྱུང་བཅུད་ཀུན་འདུས་རིལ་བུ་དང་།གྲུབ་ཐོབ་ལྔ་བཅུའི་རྫུ་འཕྲུལ་གྱིས།འཛམ་གླིང་གི་ས་ཆུ་འབྱུང་བཅུད་རྣམས་བསྡུས་ཏེ་བཞེངས་པའི་དུས་མཁྱེན་དང་།པཀྴིའི་གདུང་འབུམ་གྱི་ས་སྣ།གཞན་ཡང་མདོ་དབུས་ཁམས་གསུམ་གྱི་རིས་མེད་སྐྱེས་ཆེན་དུ་མས་བསྡུ་སྒྲུབ་བྱས་པའི་འབྱུང་བཅུད་རིལ་བུ།འཕགས་བོད་གནས་ཆེན་ཁག་གི་འབྱུང་བཅུད་རིགས་གྲངས་མང་དང་།གཡང་རྫས་དཔལ་ཆེན་རིལ་བུ།གཡང་རྫས་རྣམ་སྲས་རིལ་བུ་སོགས་གཡང་རྫས་རིགས་བསམ་གྱིས་མི་ཁྱབ་པ་དང་།བོད་ཀྱི་རི་ཆེན་བཞི་གཙོས་ཆེ་ཕྲའི་གནས་མང་གི་འབྱུང་བཅུད་ཕྱོགས་བསྡུས་དང་།མདོར་ན།གནས་ཁྱད་པར་ཅན།རྟེན་བྱིན་རླབས་ཅན།འབྱུང་བཅུད་ངོ་མཚར་ཅན་རྣམས་ལས།ཕལ་ཆེར་མ་འདྲེས་པ་ཞིག་མེད་པ་ལྟ་བུ་དང་།གཞན་ཡང་།རིན་པོ་ཆེ་གཟི་བྱུར་སྤོས་གསུམ་དང་།གཡུ་མཆོང་པད་རགགསེར་དངུལ་ཟངས་ལྕགས།བཻ་ཌཱུརྱ་དང་ཤེལ་རིགས།དུང་དང་མུ་ཏིགསྤུག་དང་ཁྲ་མེན་སོགས།རིན་པོ་ཆེ་སྣ་མང་འདུས་པའི་རིན་ཆེན་ཕྱེ་མ་ཚད་ལྡན།ཁ་ཆེ་ཤ་སྐམ་དང་།གུར་ཀུམ་སོགས་དྲི་བཟང་སྨན་རིགས།ཨ་བར་སྐྱུར་གསུམ་སོགས་བཟང་དྲུག་གི་རིགས་རྣམས་བཅས་དྭངས་གཙང་ཚུལ་མཐུན་གྱིས་ཕབ་པའོ།  །དེ་ལྟར་སྣག་ཚ་ཚད་ལྡན་དང་། ཡང་ན་མཚལ་ཚད་ལྡན། ཤོག་བུ་ཚད་ལྡན། ཤིང་པར་ཚད་ལྡན་དག་གིས་པར་འདེབས་བྱས་ཏེ་དཔར་བའི་པར་མ་རྣམས་ལ་བྱི་བ་དང་འབུ་སྲིན་སོགས་ཀྱིས་ཀྱང་གནོད་འཚེས་མི་ཚུགས་ཤིང་། ལོ་གྲངས་ཅི་ཙམ་བརྒལ་ཡང་ཡིག་གཟུགས་འགྱུར་བ་མེད་པ་ཇི་བཞིན་གནས་ཐུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་སོ།།ཞེས་པ་འདི་ནི་རྐོས་ལྷའི་རྣམ་ཤེས་སུ་འབོད་པས་སྤེལ་བའོ།།



ཚོང་བདག་གི་འཕྲིན་ཕྲན།

འབྲེལ་གཏུགས་ཁ་པར། 

17784540000

སྐུ་དང་རྟེན་གྱི་གཟུངས་གཞུག་པར་མ་དང་། གཡང་རྟེན་གསེར་འོད་ས་བཅུ་མའི་པར་མ། དེ་མིན་ཤིང་པར་ལག་བརྐོས་དང་། གཏོ་པར་ལག་བརྐོས་སོགས་དགོས་ན་འབྲེལ་ལམ་འདི་དག་གི་ལམ་ནས་བརྒྱུད་ཆོག

དངོས་པོ་དང་། འབྲེལ་གནས། 

ད་ལྟའི་འཛམ་གླིང་གི་ཛ་དྲག་གནས་ཚུལ་ཤེས་འདོད་ན་འཕྲིན་སྟེགས་ལ་དོ་ཁུར་གྱིས།

རྫ་དཔལ་སྤྲུལ་རིན་པོ་ཆེའི་བཀའ་སློབ།

ཆོས་རྗེ་༸ཡིད་བཞིན་ནོར་བུའི་བཀའ་སློབ།

རྨ་ལྕེའི་བདག་མོའི་གྱེར་འདོན་ཚ་ཤོས།

ལས་ནས་ཤི་བ་མེད།__གངས་ཞུན་གྱིས་བསྒྱུར།

གྲོང་ཁྱེར་གྱི་བོད་རིགས་ཨ་མ་ཞིག་གི་སེམས་གཏམ།

མཁན་ཆེན་༸ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་སློབ།

ཀྲུང་གོའི་དཀར་ཟས་ཤེས་བྱ། 中国素食文化

མི་རིགས་ཀྱི་ཞབས་འདྲེན་མ་བྱེད་བོད་པ་ཚོ།__རྨ་དུག་ལྕེ།  སྒྲ་ལྡན།

ཆོས་བསྒྲུབ་ཚུལ།__དབོན་སྤྲུལ་བསྟན་པའི་དབང་ཕྱུག་མཆོག་གི་བཀའ་སློབ

ནང་དོན་ཡག་པོ་འདུག་ཚེར་འོག་གི་༼  在看 ༽ཞེས་པ་ནས་ལན་རེ་ནོན་ཏེ་བརྒྱུད་བསྐུར་བྱེད་རོགས་དང་། 

དེ་ནི་ང་ཚོར་ཆེས་མཁོ་བའི་རྒྱབ་སྐྱོར་ཡིན།

积善造福
དཀར་པོ་དགེ་སྐུལ་ལས་གཞིའི་འཕྲིན་སྟེགས་འདིར་ཀུན་གྱིས་དོ་ཁུར་གནང་འཚལ་ཞུ། ཐུགས་རྗེ་ཆེ། 欢迎观看此平台的所有内容 请记得留个关注 谢谢
 最新文章