索县总工会劳动法律监督提示

政务   2024-11-28 23:19   西藏  

全县各用人单位:

劳动报酬是劳动者最直接、最核心的权益。党中央、国务院高度重视治理欠薪工作。为落实好治理欠薪冬季行动的部署,保障广大劳动者按时足额取得劳动报酬,根据《中华人民共和国工会法》《中华人民共和国劳动法》《中华人民共和国劳动合同法》《保障农民工工资支付条例》,以及《新就业形态劳动者休息和劳动报酬权益保障指引》《工会劳动法律监督办法》等政策要求,现就以下事项提醒各用人单位:

 一、自觉履行劳动报酬支付义务

通过银行转账或者以现金的形式将劳动报酬按时足额支付给劳动者本人,不得克扣或无故拖欠。如遇法定节假日或休息日,应当在法定节假日或者休息日前支付,不能顺延。依法保障劳务派遣、外包等合作用工方式劳动者相关权益。

二、明确劳动报酬相关劳动规则

与劳动者依法订立劳动合同,明确劳动报酬支付标准、支付时间、支付方式等内容。新就业形态领域不完全符合确立劳动关系情形的,由平台企业与劳动者订立书面协议,明确劳动定额标准、抽成比例、计件单价、劳动报酬支付周期、考核办法等劳动报酬规则。

三、落实最低工资保障制度

向提供正常劳动的劳动者支付不低于当地最低工资标准的劳动报酬。不完全符合确立劳动关系情形但平台企业对劳动者进行劳动管理的新就业形态劳动者,适用劳动者实际工作地人民政府规定的小时最低工资标准。

四、依法建立和完善劳动规章制度

用人单位在制定、修改或者决定有关劳动报酬等涉及劳动者切身利益的规章制度或者重大事项时,应当经职工代表大会或者全体职工讨论,提出方案和意见,与工会或者职工代表平等协商确定,依法开展工资集体协商。

五、依法落实工程建设领域特别规定

施工总承包单位应当按照有关规定开设农民工工资专用账户,实行劳动用工实名制管理。工程建设单位应当按规定及时足额向农民工工资专用账户拨付工程款中的人工费用,拨付周期不超过1个月。施工合同要求履约担保的,工程建设单位应提供工程款支付担保。

六、及时发现、主动整改欠薪隐患

对劳动报酬支付情况开展自查自纠;主动接受、配合劳动保障监察部门、相关行业工程建设主管部门、工会和其他有关部门对保障劳动者劳动报酬工作的监管和监督。对于用人单位违反劳动法律法规的,广大劳动者可通过拨打12351西藏自治区总工会服务职工热线等方式反映。切实保障劳动者合法权益,构建和谐劳动关系,促进企业健康发展,是我们共同的心愿。让我们一起努力!



索县总工会劳动法律监督委员会

 2024年11月28日

རྫོང་ཡོངས་ཀྱི་མི་སྤྱོད་ཚན་པ་ཁག།

ངལ་རྩོལ་ཐོབ་ཆ་ནི་ངལ་རྩོལ་པ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་ངལ་རྩོལ་པའི་ཁེ་དབང་གཙོ་ཆེ་ཤོས་དེ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གླ་ཆ་འགྱངས་ཆད་བྱས་རིགས་བཅོས་སྒྲིག་གི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱེད་པའི་དགུན་དུས་ལས་འགུལ་གྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ངལ་རྩོལ་པར་ངལ་རྩོལ་ཐོབ་ཆ་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་པའི་འགན་ལེན་བྱ་ཆེད། 《བཟོ་ཚོགས་བཅའ་ཁྲིམས་》དང་། 《ངལ་རྩོལ་བཅའ་ཁྲིམས་》《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་》《ཞིང་འབྲོག་པའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་སྲོལ་ཡིག་》བཅས་དང་།   དེ་བཞིན་《ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་གསོ་དང་ངལ་རྩོལ་ཐོབ་ཆའི་ཁེ་དབང་འགན་ལེན་གྱི་མཛུབ་ཁྲིད་》དང་《བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་བྱ་ཐབས་》སོགས་ཀྱི་སྲིད་ཇུས་བླང་བྱ་གཞིར་བཟུང་།  འདིར་མི་སྤྱོད་ཚན་པར་དྲན་སྐུལ་ཞུ་རྒྱུའི་དོན་ཚན་གཤལ་གསལ།

གཅིག རང་འགུལ་གྱིས་ངལ་རྩོལ་ཐོབ་ཆ་སྤྲོད་པའི་འགན་འཁུར་དགོས། 

དངུལ་ཁང་ནས་བསྒྱུར་བའམ་ཡང་ན་དངུལ་སྨར་གང་རུང་གི་ཐོག་ནས་ངལ་རྩོལ་ཐོབ་ཆ་དུས་ཐོག་ཏུ་ཆད་ལུས་མེད་པར་ངལ་རྩོལ་པའི་ལག་པར་སྤྲོད་པ་ལས་འཐེན་འཕྲི་དང་དོན་མེད་ཆད་འགྱངས་བྱེད་མི་ཆོག གལ་སྲིད་ཁྲིམས་བཀོད་དུས་ཆེན་དང་ངལ་གསོ་འཁེལ་ཚེ་ཁྲིམས་བཀོད་དུས་ཆེན་དང་ངལ་གསོའི་གོང་དུ་གླ་ཆ་སྤྲོད་པ་ལས་ནར་འགྱངས་བྱེད་མི་རུང་། ངལ་ལས་མངག་གཏོང་དང་ཕྱིར་གཏོང་སོགས་མཉམ་ལས་བྱ་ཐབས་བརྒྱུད་ནས་གླས་པའི་ངལ་རྩོལ་པའི་འབྲེལ་ཡོད་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་དགོས།

གཉིས། ངལ་རྩོལ་ཐོབ་ཆ་དང་ངལ་རྩོལ་གྱི་འབྲེལ་ཡོད་སྲོལ་ཡིག་གསལ་པོ་བཟོ་དགོས། 

ངལ་རྩོལ་པ་དང་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་ནས་ངལ་རྩོལ་ཐོབ་ཆ་སྤྲོད་པའི་ཚད་གཞི་དང་། སྤྲོད་པའི་དུས་ཚོད། སྤྲོད་སྟངས་སོགས་ཀྱི་ནང་དོན་གཏན་འཁེལ་ཁ་གསལ་བཟོ་དགོས། ལས་ཞུགས་རྣམ་པ་གསར་པའི་ཁྱབ་ཁོངས་དེ་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་ཡོངས་སུ་མཐུན་མེད་ཚེ་ལས་སྟེགས་ཁེ་ལས་དང་ངལ་རྩོལ་པའི་བར་གྲོས་མཐུན་ཡི་གེ་བཞག་ནས་ངལ་རྩོལ་གླ་ཆའི་ཚད་གཞི་དང་འཐེན་ཆའི་བསྡུར་ཚད། ཐོན་རྫས་རེ་རེའི་གླ་ཐོབ། ངལ་རྩོལ་ཐོབ་ཆ་སྤྲོད་པའི་ཡུན་ཚད། དཔྱད་ཞིབ་བྱེད་ཐབས་སོགས་ངལ་རྩོལ་ཐོབ་ཆའི་ལམ་སྲོལ་གསལ་པོ་བཟོ་དགོས།

གསུམ། གླ་ཆ་དམའ་ཤོས་ཀྱི་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་དགོས། 

ངལ་ནུས་ལྡན་པའི་ངལ་རྩོལ་པར་ས་གནས་དེའི་གླ་ཆའི་ཚད་གཞི་དམའ་ཤོས་ལས་མི་ཉུང་བའི་ངལ་རྩོལ་ཐོབ་ཆ་སྤྲོད་དགོས། ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་ཡོངས་སུ་མཐུན་མེད་ཀྱང་ལས་སྟེགས་ཁེ་ལས་ཀྱིས་ངལ་རྩོལ་དོ་དམ་བྱེད་པའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཡིན་ཚེ།  ལས་ཀ་བྱེད་སའི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཆུ་ཚོད་རེའི་གླ་ཆ་དམའ་ཤོས་ཀྱི་ཚད་གཞི་གཞིར་བཟུང་དགོས།

བཞི། ཁྲིམས་ལྟར་ངལ་རྩོལ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་བཟོ་དགོས།

 མི་སྤྱོད་ཚན་པས་ངལ་རྩོལ་ཐོབ་ཆ་སོགས་ངལ་རྩོལ་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་། བཟོ་བཅོས་རྒྱག་པ། གཏན་འབེབས་བཅས་བྱེད་སྐབས། ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ལས་བཟོ་བ་ཡོངས་ཀྱིས་གྲོས་བསྡུར་བྱས་ནས་འཆར་གཞི་དང་བསམ་འཆར་འདོན་དགོས་པ་དང་། བཟོ་ཚོགས་སམ་ཡང་ན་ལས་བཟོའི་འཐུས་མི་དང་ལྷན་དུ་འདྲ་མཉམ་ཐོག་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་དགོས་པ་མ་ཟད། ཁྲིམས་ལྟར་གླ་ཆའི་ཚད་གཞི་ཐུན་མོང་ཐོག་གྲོས་མོལ་བྱེད་དགོས།

ལྔ། ཁྲིམས་ལྟར་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དམིགས་བསལ་གཏན་འབེབས་དོན་འཁྱོལ་བྱེད་དགོས།

 ཨར་སྐྲུན་སྤྱིའི་འགན་གཙང་ལེན་མཁན་ཚན་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་འབྲོག་པའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་བཟོ་དགོས་པ་དང་། ངལ་རྩོལ་ལས་མི་བཀོལ་སྤྱོད་ཐད་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་དགོས། ལས་གྲྭ་འཛུགས་སྐྲུན་ཚན་པས་ལས་གྲྭའི་དངུལ་ཁྲོད་ནས་གཏན་འབེབས་ལྟར་དུས་ཐོག་ཏུ་ཆད་ལུས་མེད་པར་ཞིང་པ་ལས་མིའི་གླ་ཆ་ཆེད་སྤྱོད་རྩིས་ཁྲའི་ནང་བླུག་དགོས་ཤིང་གླ་ཆ་སྤྲོད་པའི་དུས་ཡུན་ཟླ་བ་གཅིག་ཡན་བརྒལ་མི་རུང་། ཨར་སྐྲུན་གན་རྒྱའི་ནང་ཁ་ཆད་ལྟར་ཁག་ཐེག་བྱ་རྒྱུའི་བླང་བྱ་བཏོན་རིགས་ལ་ལས་གྲྭ་འཛུགས་སྐྲུན་ཚན་པས་ལས་གྲྭའི་དངུལ་སྤྲོད་པའི་ཁག་ཐེག་བྱེད་དགོས

དྲུག། གླ་ཆ་འགྱངས་ཆད་བྱས་པའི་གནས་ཚུལ་དུས་ཐོག་ཏུ་རྟོགས་པ་དང་རང་འགུལ་ངང་བཅོས་སྒྲིག་བྱེད་དགོས།

 ངལ་རྩོལ་ཐོབ་ཆ་སྤྲོད་ཚུལ་ཐད་རང་བཤེར་དང་རང་བཅོས་བྱེད་དགོས། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཚན་པ་དང་། འབྲེལ་ཡོད་ལས་རིགས་ལས་གྲྭ་འཛུགས་སྐྲུན་གཙོ་གཉེར་ཚན་པ། བཟོ་ཚོགས། འབྲེལ་ཡོད་ཚན་པ་གཞན་བཅས་ཀྱིས་ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆའི་ལས་དོན་ལ་ལྟ་སྡོམ་དང་ལྟ་སྐུལ་བྱེད་པར་རང་འགུལ་སྒོ་ནས་དང་ལེན་དང་གཞོགས་འདེགས་བྱེད་དགོས། མི་སྤྱོད་ཚན་པས་ངལ་རྩོལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་ཚེ། རྒྱ་ཆེའི་ངལ་རྩོལ་པས་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལས་བཟོའི་ཞབས་ཞུའི་ཨང་གྲངས་༡༢༣༥༡ལ་ཁ་པར་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྙན་སེང་ཞུ་ཆོག ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་ལམ་འཛུགས་པ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་བཅས་ནི་ང་ཚོ་ཚང་མའི་རེ་བ་ཡིན། ང་ཚོས་མཉམ་དུ་ཤུགས་རྒྱག་དགོས།



སོག་རྫོང་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་ཁྲིམས་ལུགས་ལྟ་སྐུལ་ཨུ་ཡོན་ལྷན་ཁང།

2024ལོའི་ཟླ་11ཚེས་28ཉིན།


主审:王      韬

审编 : 白玛拉姆

编辑 : 晋美朗杰

来源 : 县总工会 

索县互联网信息办公室发布


索县互联网违法信息与不良信息举报中心

举报电话0896—370240

网信索县
索县网信办公众号
 最新文章