ཨ་རིའི་དམག་དོན་གནམ་གྲུ་ཐའེ་ཝན་མཚོ་འགག་ཏུ་འཕུར་བའི་ཐད།

民生   2024-11-28 14:06   北京  

   ཟླ་11ཚེས་26ཉིན། ཤར་རྒྱུད་འཐབ་ཁུལ་མཁའ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཚའོ་ཅུན་ཏཱ་ཞའོ་ཡིས། ཨ་རིའི་དམག་དཔུང་གི་P-8Aའཇབ་རྒོལ་སྐོར་ཞིབ་གནམ་གྲུ་ཞིག་ཐའེ་ཝན་མཚོ་འགག་ཏུ་འཕུར་བ་མ་ཟད་ཡོངས་གྲགས་སུ་འུད་སྒྲོག་བྱས་པ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་རྒྱ་མཚོ་དང་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ནས། ཨ་རིའི་གནམ་གྲུ་འཕུར་སྐྱོད་བྱེད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་ཁ་གཏད་བཅལ་བ་དང་ཐག་གཅོད་ནུས་ལྡན་བྱས་ཡོད། ཨ་རིའི་འབྲེལ་ཡོད་གཏམ་བརྗོད་དུ་ཁྲིམས་ལུགས་འཁྱོག་བཤད་དང་མཐོང་ཐོས་རྙོག་བཟོ་བྱས་ནས་རྒྱལ་སྤྱིའི་ངོས་འཛིན་ལོག་ལམ་དུ་ཁྲིད་པ་རེད། ང་ཚོས་ཨ་རི་ཕྱོགས་ལ་འཁྱོག་བཤད་དང་འུད་སྒྲོག་བྱེད་མཚམས་བཞག་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་དགོས་ཞེས་འབྲེལ་གཏུག་ནན་མོར་བྱ་རྒྱུ་ཡིན་ཞེས་བཤད།  


གསར་འགྱུར་འོས་སྦྱོར།
ཀྲུང་གོས་གསལ་བསྒྲགས་འདི་སྤེལ་འདུག
ས་ཆ་འདི་དག་གི་ཚད་ལྡན་མིང་བསྒྲགས།
ཁ་བ་ཆེན་པོ་འབབ་པའི་ཉེན་བརྡ་བཏང་།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章