བུ་ཕྲུག་གིས་ཕ་མའི་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་ཆོག་གམ།
མི་ཆོག རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1069པའི་གཏན་འཁེལ་ལྟར་ན། བུ་ཕྲུག་གིས་ཕ་མའི་གཉེན་སྒྲིག་གི་ཁེ་དབང་ལ་བརྩི་འཇོག་བྱ་དགོས་པ་ལས་ཕ་མ་བཟའ་ཚང་ཁ་བྲལ་བ་དང་ཡང་བསྐྱར་གཉེན་སྒྲིག་བྱས་པ། གཉེན་སྒྲིག་བྱས་རྗེས་ཀྱི་འཚོ་བ་བཅས་ལ་ཐེ་གཏོགས་བྱས་མི་ཆོག བུ་ཕྲུག་གིས་ཕ་མར་གསོ་སྐྱོང་བྱེད་པའི་འོས་འགན་དེ་ཕ་མའི་གཉེན་སྒྲིག་གི་འབྲེལ་བར་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་མཚམས་མི་འཇོག་ཅེས་བཀོད་ཡོད།
མཁའ་འབུམ་རྒྱལ་གྱིས་བསྒྱུར།