དཔྱིད་གསར་དུས་ཆེན་དང་ངལ་རྩོལ་དུས་ཆེན་སོ་སོར་ཉིན་གཅིག་རེ་བསྣན་འདུག 2025ལོ་གུང་གསེང་བཀོད་སྒྲིག
<<རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད〈རྒྱལ་ཡོངས་ཀྱི་ལོ་སར་དུས་ཆེན་དང་དྲན་གསོའི་ཉིན་མོའི་གུང་གསེང་གཏོང་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས>>ཟླ11པའི་ཚེས12ཉིན་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ1པོའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། གཏན་འབེབས་ནང་སྤྱི་དམངས་ཡོངས་ལ་གུང་གསེང་གཏོང་བར་ཉིན2མང་དུ་གཏོང་རྒྱུ་སྟེ་ལུགས་རྙིང་གི་གནམ་གང་དང་ཟླ5པའི་ཚེས2ཉིན་གཏན་འབེབས་བྱས་ཡོད། སྤྱི་དམངས་ཡོངས་ལ་གུང་གསེང་གཏོང་བའི་བཀོད་སྒྲིག་ལུགས་མཐུན་དང་གཅིག་གྱུར་གྱིས་གུང་གསེང་གཏོང་བ་དང་ངལ་གསོ་ལེགས་སྒྲིག་བྱས་ཆོག་པ་དང་། གླ་ཕོགས་ཡོད་པའི་ལོ་རེའི་གུང་གསེང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། དོན་དངོས་ཐོག་གུང་གསེང་ཅུང་རིང་པོ་ཞིག་ཆགས་པར་བྱ་དགོས། དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཕུད་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་གི་སྔ་རྗེས་སུ་སྤྱིར་བཏང་དུ་བསྟུད་མར་ལས་ཀ་བྱེད་ཡུན་ཉིན6ལས་བརྒལ་མི་ཆོག
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
来源/新华社 责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系