ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

政务   2024-11-12 10:52   青海  


ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས། 

ཟླ11པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྟེ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས80འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་།

ཚོགས་འདུའི་ཐོག་བསྟན་དོན། ཟླ10པའི་ཚེས28ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་བྱ་བ་སོ་སོའི་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་ལེན་བྱས་ཏེ་རང་འགུལ་ངང་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་དགོས། "དོན་འཁྱོལ་བཞི"ལ་དམིགས་ནས་རང་བཤེར་རང་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་གནད་དོན་དང་མི་འདང་ས་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ་འཕྲལ་ཤེས་འཕྲལ་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མངོན་མེད་གཞན་འགྱུར་གྱི"སྤྱོད་ཚུལ་བཞིའི"གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་རིག་གནས་བྱ་བའི་དུས་བབ་གསར་བ་དང་ལས་འགན་གསར་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་དུས་རབས་གསར་བ་དང་རིག་གནས་ཀྱི་ལས་འགན་གསར་བ་ཕྲག་ཐོག་ཏུ་ཏན་ཏིག་འཁུར་ཏེ་ཁུལ་ཡོངས་ཀྱི་རིག་གནས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་སྐྱེད་སྲིང་དང་ལག་ལེན་བསྟར་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཚོ་བྱང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་བ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་གསར་བ་གཏན་འཁེལ་བྱེད་པ་དང་། "རིག་གནས་ལྔ"འཛུགས་སྐྲུན་བྱེད་པར་དམིགས་ཤིང་། ཀྲུང་གོའི་རྡུལ་ཕྲན་མཁར་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཉམས་ཞིབ་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་སྒྱུར་བཀོད་སྒྲིག་གལ་ཆེན་ལ་དཔེ་བསྡུར་བྱེད་པ་དང་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་གྱི་ལས་འགན་སོ་སོ་མཚོ་བྱང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་དང་དཔལ་འབྱོར་སྒྲིག་སྲོལ། དམངས་འཚོའི་ཁྱབ་ཁོངས། ཏང་གི་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་གྱི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་དུ་ཏན་ཏིག་གཏོང་དགོས། ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལ་རང་འགུལ་གྱིས་དཔེ་བསྡུར་ཚད་འཛིན་བྱས་ནས་སྲིད་ཇུས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་བྱེད་པ། བཅོས་སྒྱུར་གྱི་སྒྲིལ་ཤུགས་གཅིག་བསྡུས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་བརྟན་པོས་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དང་ཨན་ཧུའེ་རུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རང་འགུལ་ངང་དཔལ་འབྱོར་གྱི་དམིགས་ཚད་སོ་སོར་དཔེ་བསྡུར་བྱེད་པ་དང་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་འགུལ་རྣམ་ཁོང་དུ་ཆུད་པ། འཕེལ་ཕྱོགས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམིགས་འབེན་འགན་སྲུང་དང་གནས་འཕར་བརྩོན་ལེན་བྱེད་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་གྱི་ཚད་འདེགས་རྒྱ་སྐྱེད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། འོད་ཤུགས་དང་རླུང་གློག་རྟེན་གཞི་ཅན་དང་གཞི་ཁྱོན་ཅན་དུ་གསར་སྤེལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་སོགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁུལ་ཡོངས་ཀྱི་གཙོ་གནད་བཟོ་ལས་གླིང་ཁུལ10རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཇུས་འགོད་ཞིབ་ཚགས་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས"དགུན་དུས་མཚོ་བྱང་ཡུལ་སྐོར"གྱི་མཚན་སྙན་དང་ཡིད་དབང་འཕྲོག་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། དགུན་དུས་ཡུལ་སྐོར་གྱི"མེ་སྒྱོགས་དང་པོ"ཕྱོགས་ཡོངས་ནས་རྒྱག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། "གཞི་རིམ་དུ་བསྐྱོད་པ་བཞི"ཡི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང"ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དམངས་འཚོ་ནི་ཆེས་གལ་ཆེ་བ་ཡིན"ཞེས་པའི་ཡང་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཟུང་སྟེ་མིག་གིས་འཚོ་དགོས། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་བྱིས་པ་དང་དབང་བོ་སྐྱོན་ཅན་གྱི་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་པུར་འཇུག་ཞབས་ཞུའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། གཉེན་སྒྲིག་དོ་དམ་ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་སྲིད་ཞབས་ཞུའི་སྒྲིག་གཞིའི་སྒྲིག་བཀོད་སྣ་ཚོགས་ཀྱི་དོ་དམ་འགན་འཁྲི་ནན་དུ་གཏོང་བ་དང་། བདེ་འཇགས་དོ་དམ་བྱེད་ནུས་དང་མཁོ་བསྟུན་ཐག་གཅོད་བྱེད་ནུས། གླེང་ཕྱོགས་ལ་ཁ་གཏད་འཇལ་ནུས་བཅས་ཆེ་རུ་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོན་འགོག་ནུས་ལྡན་བྱ་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་བྱ་བའི་ཚོགས་འདུའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལམ་ལུགས་སོ་སོ་ལག་བསྟར་ཡག་པོ་དང་ཏན་ཏིག་བྱས་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོའི་སྒོ་ནས་ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་ཚན་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མཚོ་བྱང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། རྒྱལ་སྲུང་སློབ་གསོ་དང་དམག་དོན་རིགས་པའི་གཞུང་ལུགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་གཞི་རྒྱུ་བླ་སྲོག་ཏུ་ཟུག་སྟེ་ཁྲག་རྒྱུན་དུ་འདྲེས་པར་བྱ་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"སྦྲང་ཟ་གྲོག་རུལ"ལ་ཆད་གཅོད་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང"པུར་འཇུག་ནི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་གནད་དོན་ཞིག་ཡིན་པ"སོགས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་པུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་དང་ཟང་ཟིང་ལ་ཆེད་དོན་བཅོས་སྒྲིག་བྱ་བ་ཏན་ཏིག་སྤེལ་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་གྱོད་གཞི་ཁག་ཅིག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་དངོས་སྒྲུབ་ནས། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ལིའུ་ཏུང་དང་ཧ་ཝུན་ཞུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཐོས་བསམ་མྱོང་རྟོགས་བྱས་པའི་སྐོར་ནས་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་བགྲོ་གླེང་གཏམ་བཤད་བྱས།

ཚོགས་འདུའི་ཚོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།



州委常委会召开会议

11月11日,受州委书记夏吾杰委托,州委副书记、州长张胜源主持召开十三届州委常委会第80次会议,传达学习习近平总书记近期重要讲话指示及中央和省委有关会议文件精神,听取相关工作汇报,审议有关文件。
会议指出,要深入学习贯彻10月28日中共中央政治局会议精神,坚决落实省委巡视工作部署要求,坚决服从省委巡视组的各项工作安排,自觉主动接受巡视监督。要围绕“四个落实”,深入开展自查自纠,全面摸排问题不足,坚决做到即知即改、立行立改。要严守政治纪律和政治规矩,深入推进党风廉政建设和反腐败斗争,坚决整治隐形变异“四风”问题,巩固全州风清气正的政治生态。
会议强调,要深入学习贯彻习近平总书记在二十届中共中央政治局第十七次集体学习时的重要讲话,深刻把握思想文化工作的新形势新任务,坚定文化自信,切实肩负起新时代新的文化使命,推动全州文化工作高质量发展。要坚持不懈用党的创新理论凝心铸魂,广泛培育和践行社会主义核心价值观,大力推动文化事业和文化产业发展,不断推动海北宣传思想文化工作迈上新台阶、开创新局面。要锚定推动青海文化繁荣发展的新目标,围绕“五个文化”建设,依托中国原子城红色资源,大力培育发展具有海北特色的红色研学产业。
会议指出,要深入学习贯彻习近平总书记在省部级主要领导干部专题研讨班开班式上的重要讲话,对标党的二十届三中全会重大改革部署,按照省州委全会安排部署,全力以赴推动各项改革任务在海北落地见效。要深入实施好生态文明、经济体制、民生领域、党的建设等重点领域改革相关举措,以钉钉子精神切实把党中央重大改革举措细化实化、清单化。要主动对标对表省州全会确定的目标任务,加强政策研究,完善工作机制,科学谋划部署,汇聚改革合力,以坚韧不拔的韧劲推动改革举措落地见效。
会议强调,要深入学习贯彻习近平总书记在福建、安徽考察时的重要讲话精神,主动对标各项经济指标,加强运行调度,及时发现问题、掌握动态、研判趋势、狠抓落实,全力以赴保目标、争进位。要全力推进生态农牧业“九个一”配套工程提标扩面,大力培育特色农畜产品精深加工产业,全面提升农畜产品附加值。要积极推进光伏和风电基地化、规模化开发,扎实推进安全智能算力中心暨源网荷储一体化项目等建设,加快推进全州10个重点工业园区转型升级。要精心策划,强化宣传,进一步提升“冬游海北”的知名度和吸引力,全面打响冬季旅游“第一炮”。要扎实推进党纪学习教育常态化长效化,全面落实“四下基层”制度,持续整治形式主义为基层减负。
会议指出,要深入学习贯彻习近平总书记对民政工作作出的重要指示精神,深刻理解“中国式现代化,民生为大”的丰富内涵,切实把困难群众的冷暖放在心上、抓在手上。要健全分层分类社会救助体系,完善儿童、残疾人福利制度,进一步健全养老服务体系,着力规范殡葬服务市场秩序,持续优化婚姻管理服务,推进全州民政事业高质量发展。要压实各类民政服务机构设施的管理责任,提升安全管理能力、应急处置能力和舆情应对能力,有效防范各类风险隐患。
会议强调,要深入学习贯彻习近平总书记对全军军事理论工作会议作出的重要指示精神,切实把党管武装各项制度贯彻好、执行好,切实推动党管武装工作落地落实。要高标准严要求落实好州委议军会议确定事项,不断提升党管武装的能力和水平。要用好海北丰富的红色资源,加强国防教育和军事理论培训,切实把红色基因深植灵魂、融入血脉。
会议指出,要深入贯彻落实习近平总书记关于惩治“蝇贪蚁腐”推动反腐败斗争向基层延伸、“殡葬是事关千家万户的民生问题”等指示批示精神,纵深推进群众身边不正之风和腐败问题集中整治,扎实开展殡葬领域腐败乱象专项整治工作,坚决查处一批损害群众切身利益的腐败案件,办成一批群众可感可及的实事,以实干担当落实好省委“干部要干、思路要清、律己要严”要求。
州领导柳栋、哈文秀围绕学思践悟习近平总书记重要指示精神,结合工作实际作研讨交流发言。
会议还研究了其他事项。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北党务 文/索南尼玛  图/祁连山报社全媒体记者 陈文年

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系 

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章