མོར་ཏུའོ་ཝའི་ཙུང་ཐུང་ཁོ་མོར་རྒྱལ་ཁ་ཐོབ་ཡོད།

民生   2024-11-05 14:00   北京  

   ཧྥ་རན་སེ་གསར་འགྱུར་ཁང་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་4ཉིན། མོར་ཏུའོ་ཝའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་པའི་འདེམས་ཤོག་རྩིས་རྒྱག་ལས་དོན་ཕལ་ཆེར་མཇུག་བསྒྲིལ་བ་དང་། ད་ལྟའི་ཙུང་ཐུང་དང་། བྱ་སྤྱོད། མཐུན་སྒྲིལ་ཏང་བཅས་ཀྱི་འོས་མི་ཡིན་པའི་སང་ཏུའུ་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། འདེམས་བསྐོའི་འབྲས་བུ་ཆ་ཚང་ཞིག་ཡིན་ཉེའི་མཇུག་འབྲས་ལས་སང་ཏུའུ་ལ་འདེམས་ཤོག་54%ཐོབ་ཡོད་པ་རེད། 

   ཡོངས་བསྒྲགས་དཔྱད་ཡིག་ལས་མངོན་པར་གཞིགས་ན། སང་ཏུའུ་ད་ལོ་ལོ་52ལ་སླེབས་པ་དང་། 2020ལོར་མོར་ཏུའོ་ཝའི་ཙུང་ཐུང་ལ་བདམས་ནས་རྒྱལ་ཁབ་དེའི་བུད་མེད་ཙུང་ཐུང་དང་པོར་གྱུར། 

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章