ཉེ་དུས། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་གོ་ཆོད་དུས་ཚོད་ལོ་20ཡིན་པའི་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་རིམ་བཞིན་ཐིམ་ཉེར་ཡོད་པ་ཁྱབ་བསྒྲགས་བྱས་པ་དང་ཆབས་གཅིག་དྲན་སྐུལ་བྱས་པ་གཤམ་གསལ།
↓↓↓
གཅིག ཐོབ་ཐང་ལག་ཁྱེར་གྱི་སྤྱོད་ཡུན་ཐིམ་ན་ག་དུས་བརྗེ་པོ་རྒྱག་དགོས།
རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ལ་གསལ་པོ་ལྟ་དགོས།
གྲོང་མིས་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་མ་ཐིམ་གོང་གི་ཟླ་བ་གསུམ་ནང་གསར་པ་ལེན་ཆོག་པ་དང་། ཞིང་ཆེན་ཁག་གཅིག་གིས་གསར་པ་ལེན་པའི་དུས་ཚོད་ལྷུག་ཏུ་བཏང་ཡོད་པས། གོ་ཆོད་དུས་ཚོད་མ་ཐིམ་གོང་གི་ཟླ་བ་དྲུག་ནང་གསར་པ་ལེན་པའི་རེ་འདུན་ཞུ་ཆོག
གཉིས། ཐོབ་ཐང་ལག་ཁྱེར་ཇི་ལྟར་ལེན་དགོས།
གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་ས་རྒྱལ་ཡོངས་ལ་ཡོད་པས། ཐེམ་ཐོ་གནས་ཡུལ་དུ་བསྡད་མེད་པའི་གྲོང་མིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྙིང་པ་འཁྱེར་ནས་ཐག་ཉེ་སའི་སྤྱི་བདེ་མངགས་གཏོང་ཁང་གི་ཕྱོགས་བསྡུས་སྐར་ཁུང་དུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་གསར་པ་ལེན་པའི་རེ་འདུན་ཞུ་ཆོག
གསུམ། གྲོན་དངུལ་བསྡུ་བའི་ཚད་གཞི།
དུས་ཚོད་ཐིམ་རྗེས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གསར་པ་ལེན་པར་དངུལ་སྒོར་20ཡིན།
གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་བརླག་ཏུ་སོང་ནས་གསར་པ་ལེན་པ་དང་འཕྲོ་བརླག་ཤོར་ནས་གསར་པ་ལེན་པར་དངུལ་སྒོར་40ཡིན།
བཞི། ཐོབ་ཐང་ལག་ཁྱེར་གསར་པ་ཇི་ལྟར་ལེན་དགོས།
སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་བཟོས་ཟིན་རྗེས། བཟོ་དུས་བཞག་པའི་ཁ་པར་ཨང་གྲངས་ལ་ལག་ཁྱེར་ལེན་པར་ཡོང་དགོས་པའི་དྲན་སྐུལ་གྱི་འཕྲིན་ཐུང་སྐུར་གྱི་ཡོད། འཕྲིན་ཐུང་འབྱོར་མ་ཐག་ལག་ཁྱེར་གཉེར་ས་ནས་བླངས་ན་འགྲིག
གཞན་ཡང་། སྦྲག་སྐུར་ཞབས་ཞུ་བདམས་ན་མངགས་གཏོང་ཁང་དུ་ལེན་པར་འགྲོ་དགོས་མེད། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱིམ་དུ་བསྐུར་དགོས་ན་ངེས་པར་དུ་ལག་ཁྱེར་གཉེར་བའི་ཉིན་དེའི་ཆུ་ཚོད་22:00ཡི་གོང་དུ་རེ་འདུན་ཞུ་དགོས་པ་དང་། བསྐུར་གླ་རང་ཉིད་ཀྱིས་སྤྲོད་དགོས།
ལྔ། ཐོབ་ཐང་ལག་ཁྱེར་གྱི་པར་རྒྱག་དུས་ཡིད་གཟབ་བྱེད་དགོས་པ་གང་ཡོད།
ཐོབ་ཐང་ལག་ཁྱེར་གསར་པ་ལེན་པར་འགྲོ་དུས་བསྐྱར་དུ་པར་རྒྱག་དགོས་པ་དང་། ཐོབ་ཐང་ལག་ཁྱེར་གྱི་པར་ནི་ཚོན་ཁྲ་ཅན་ཡིན་ཞིང་། པར་རྒྱག་དུས་ངེས་པར་དུ་འདྲོང་པོར་སྡོད་དགོས།
གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཐིམ་ན། གནམ་གྲུ་དང་མེ་འཁོར་གྱི་སྤ་སེ་དང་འགན་བཅོལ་སོགས་ཉོ་མི་ཐུབ་པ་མ་ཟད། མགྲོན་ཁང་དུ་སྡོད་པ་དང་དངུལ་བཅོལ་ལེན་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། རྒྱུན་གཏན་གྱི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་ཚང་མས་དོ་སྣང་གནང་རྒྱུའི་རེ་བ་ཡོད།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག བཀྲ་ཤིས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།