རྐང་ཚའི་ནོར་ཤ་དང་ལུག་ཤ་སྤོས་ལྡན་གྲོང་ཁྱེར་དུ་ཧ་ཅང་བྲིན་པོ་བྱུང་།

政务   2024-11-10 14:31   青海  

རྐང་ཚའི་ནོར་ཤ་དང་ལུག་ཤ་སྤོས་ལྡན་གྲོང་ཁྱེར་དུ་ཕྱིར་འཚོང་བྱས་པར་ཧ་ཅང་བྲིན་པོ་བྱུང་།
མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་། ཁྲི་གཤོག་རྒྱལ་མོའི་ངོགས་ཀྱི་རྩྭ་ཆུ་བཟང་། ལྗང་མདོག་སྐྱེ་ལྡན་སྐོར་གྱི་ཐོན་རྫས་བཟང་། ཟླ11པའི་ཚེས8ཉིན། 2024ལོའི་མཚོ་སྔོན་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྤོས་ལྡན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་ཧ་ཅང་དོད་ཅིང་ལྷག་པར་དུ་ནོར་ཤ་དང་ལུག་ཤ་ཕྱིར་འཚོང་ཁུལ་ནི་ཚ་ཚ་འུར་འུར་ཡིན་ལ་སྤོས་ལྡན་གྲོང་གི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ།

དུས་ཡུན་རིང་པོར་རྐང་ཚ་རྫོང་གི་མཐོ་སྒང་ནོར་གནག་དང་བོད་ལུག་གི་ཤ་ལ་འཚོ་བཅུད་ཕུན་སུམ་ཚོགས་ཤིང་ཁ་ལ་ཞིམ་པ། དྲི་ངན་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་འཛད་སྤྱོད་ཁྲོམ་ར་རུ་བསྔགས་བརྗོད་ལེགས་པོ་ཐོབ་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས་པ་ནས་བཟུང་། རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཚད་ལྡན་ཅན་གྱི་ལས་སྣོན་ཞིབ་ཚགས། ཆས་རྟགས་གཏོད་པ། དྲིལ་བསྒྲགས་འོས་སྦྱོར་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། སྤུས་དག་དང་ལྗང་མདོག སྣ་མང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་སྒོས། ནོར་ཤ་དང་ལུག་ཤ་ཕྱིར་འཚོང་བྱ་རྒྱུ་དེ་དངོས་གཉེར་ཚོང་ཁང་ལས་བརྒལ་ཏེ་དྲ་ལམ་ཐད་གཏོང་སོགས་ལ་ཁྱབ་པར་བྱས་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཛད་སྤྱོད་པ་སྔར་བས་མང་པོར་རྐང་ཚ་རྫོང་གི“ལྕེ་རྩེའི་རོ་མཆོག”ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།

ཐེངས་འདིའི་སྤོས་ལྡན་གྲོང་གི་འོས་སྦྱོར་ཚོགས་འདུ་རུ་ཁྱོན་འགྲེམ་འཚོང་ཁེ་ལས་དང་གཉེར་སྐྱོང་བྱེད་པོ31སྒྲིག་འཛུགས་བྱས་ཏེ། འགྲེམ་འཚོང་ནང་ཞུགས་སུ་བཅུག་ནས་རྐང་ཚའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཁག་ཅིག་དང་། ནོར་ལུག་ཤ་གསར་བ། ཤ་སྐམ་དང་རྩིབ་བསྟར། ལུག་ཤ་བསྲེགས་མ། ནོར་ལུག་ཤ་ཚྭ་སྦྱངས་མ་སོགས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ཡོད་ལ། ཡུལ་དངོས་ནས་ཤ་བསྲེགས་རྒྱག་པ་དང་རྒྱ་ཁོག་བཟོ་བ། ལུག་ཤ་རྡོག་བརྒྱུས། ལུག་རྨིག་བཙོ་བ་སོགས་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བར་རིན་མེད་ངང་མྱོང་རོལ་བྱེད་དུ་བཅུག

བྱེད་སྒོ་སྤེལ་ཡུལ་དུ་ཐོན་རྫས་ཀྱི་འགན་འཁུར་བས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྤོས་ལྡན་གྲོང་ཁྱེར་གྱི་གྲོང་མི་ཚོར་ཐོན་རྫས་ངོ་སྤྲོད་བྱས་ཏེ་ཐོན་རྫས་ཀྱི་འབྱུང་ཁུངས་དང་། འདེབས་འཛུགས་སམ་གསོ་ཚགས་ཀྱི་བརྒྱུད་རིམ་ཞིབ་ཏུ་བཤད་པར་མ་ཟད། ད་དུང་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བདེ་ཐང་གི་ཕན་པ་སོགས་དམིགས་སུ་ནན་བཤད་བྱས་པས། ཚང་མས་རྐང་ཚའི་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་ཟབ་མོ་ཐུབ་པ་རེད། དེ་ཉིན་ནོར་ལུག་ཤ་ཕྱིར་འཚོང་ཁུལ་དུ་འདེམས་ཉོ་བྱེད་མཁན་རྒྱུན་ཆད་མེད་པས་ཚོང་ཧ་ཅང་བྲིན་པོ་བྱུང་། ཚོང་པ་འགའ་རེས་སྐུ་མགྲོན་ལ་ནོར་ལུག་ཤ་འདེམས་སྒྲུག་བྱེད་པ་དང་འགའ་རེས་སྐུ་མགྲོན་ལ་དུམ་བགོས་དང་ཐུམ་རྒྱག རྒྱ་མར་བཀྱག་པ་སོགས་བྱེད་ཀྱིན་འདུག

བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་དང་པོར་ནོར་ལུག་གི་ཤ་དང་དེའི་བཟོས་རྫས་ཀྱི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི18ལྷག་ཟིན་པ་དང་། ཆིན་ཧོ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་ཟི་དང་པེ་ཅིང་ཐེན་ཡིའུ་ཀུང་ཟི་གཉིས་ཀྱིས་ཉིན་རེར་ནོར་ཤ་ཏུན15མཁོ་འདོན་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག་ལ་གན་རྒྱ་བཞག་པའི་དངུལ་འབོར་བསྡོམས་སྒོར་ཁྲི2700ཟིན་ཡོད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུས་རྐང་ཚའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཆས་རྟགས་ཀྱི་གྲགས་ཆོད་ཆེ་རུ་བཏང་ཞིང་། ཕྱིར་འཚོང་ཐབས་ལམ་དང་ཁྲོམ་རའི་བར་སྟོང་རྒྱ་བསྐྱེད་པ། རོང་འབྲོག་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཏན་ཏིག་བཅས་ལ་ཕན་འབྲས་བཟང་པོ་ཐོན་ཡོད། གོམ་སྟབས་རྗེས་མར་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་གོ་སྐབས་སུ་བཟུང་སྟེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། “སྤུས་ཚད་མཐོར་འདེགས་དང་གྲངས་འབོར་བརྟན་གཏོང་། སྦྲེལ་ཐག་གསབ་རེས། འདྲེན་གཏོང་རྒྱ་སྐྱེད”ཀྱི་དམིགས་ཚད་མཐའ་འཁྱོངས་བྱེད་པ། སྲིད་ཇུས་འགན་ལེན་དང་ཐོན་ཁུངས་བསྡུ་སྒྲིལ། མ་དངུལ་གཟིགས་སྐྱོང་བཅས་བྱ་ཤུགས་ཆེ་རུ་གཏོང་བ། རྐང་ཚའི་མཚོ་སྔོན་པོ་ནོར་གནག་དང་མཚོ་སྔོན་པོ་བོད་ལུག་ཆས་རྟགས་ཀྱི་སྙན་པ་མཐོ་རུ་གཏོང་བ། ཞིང་ཕྱུགས་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཕར་བ་དང་རོང་འབྲོག་པའི་འབབ་འཕར་ཆེད་སྟོབས་ཤུགས་སྔར་བས་ཆེ་བ་སྐྱེས་སུ་འབུལ་རྒྱུ་རེད།

ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། 

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系


海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章