ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཚེས་25ཉིན་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་འཛམ་གླིང་ཐོག་ཚེ་ཐག་རིང་ཤོས་ཏེ་ཇོང·ཐིང་ཉི་སི་ཝུའུ་ཏེ་དབྱིན་ཇིར་ཚེ་ལས་འདས་པ་དང་། དགུང་ལོ་112ཡིན།
གནས་འཕྲིན་སྤེལ་བར་གཞིགས་ན། 1912ལོའི་ཟླ་8པར། ཐིང་ཉི་སི་ཝུའུ་ཏེ་དབྱིན་ཇིའི་ལི་ཝུའུ་ཕུའུ་རུ་སྐྱེས་པ་དང་། འཛམ་གླིང་དམག་ཆེན་ཐེངས་གཉིས་ཀ་བརྒྱུད་མྱོང་། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ནང་། ཁོང་གི་བློ་རིག་གསལ་ཞིང་། གསར་འགྱུར་ལ་དོ་སྣང་བྱེད་པ་དང་། རང་ཉིད་ཀྱི་ནོར་དོན་ལ་དོ་དམ་བྱེད་ཀྱི་ཡོད་པ་ནི། ཚེ་ཐག་རིང་བའི་རྒྱུ་རྐྱེན་ཞིག་ཡིན་སྲིད་ཅེས་བཀོད་ཡོད།