མཚོ་བྱང་གིས་སློབ་ཆེན་སློབ་མའི་ལས་ཞུགས་ཐད་རོགས་རམ་བྱས།

政务   2024-11-28 15:19   青海  

མཚོ་བྱང་གིས་སྤྱི་ཚོགས་རྩ་འཛུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་ཞུགས་ཐད་རོགས་རམ་བྱས།
ཟླ11པའི་ཚེས25ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། མཚོ་བྱང་ཁུལ་གྱིས་རིམ་པ་སོ་སོ་དང་རིགས་སོ་སོའི་སྤྱི་ཚོགས་རྩ་འཛུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། ལས་ཞུགས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱེད་པ་དང་ལས་ཞུགས་ཀྱི་བར་སྟོང་རྒྱ་བསྐྱེད་དེ་སློབ་ཆེན་སློབ་མས་ལས་ཞུགས་བྱེད་པར་གོ་སྐབས་འདོན་སྤྲོད་དང་ཆ་རྐྱེན་མཁོ་འདོན་བྱས་ནས། མིག་སྔའི་བར་སློབ་ཆེན་སློབ་མ133ལས་བསྡུ་བྱས་ཡོད།
མཚོ་བྱང་ཁུལ་གྱིས་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་གནས་བརྟན་པོར་ལས་ཞུགས་བྱེད་པའི་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། དྲ་ཚིགས་དང་སྐད་འཕྲིན་སྤྱི་སྟེགས་སྟེངསྤྱི་ཚོགས་རྩ་འཛུགས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་ཤུགས་འདོན་པའི་སྐོར་གྱི་གྲོས་འདོན་ཡི་གེསྤེལ་ལ། ཁུལ་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་སོ་སོས་རང་ངོས་ཀྱི་ཁྱད་ཆོས་ལ་དམིགས་ནས་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་ཞུགས་ཀྱི་ལས་གནས་གསར་སྤེལ་དང་ལས་ཞུགས་ཀྱི་བར་སྟོང་རྒྱ་བསྐྱེད་པ། ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་གོ་རིམ་སོ་སོར་ནུས་པ་གང་ཡོད་བཏོན་ནས། སློབ་ཆེན་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས།
མཚོ་བྱང་ཁུལ་གྱི་རིགས་སོ་སོའི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྒྲིག་ཡིག་དང་ལས་སྒོའི་ཁྱབ་ཁོངས། རང་ངོས་ཀྱི་དགེ་མཚན་བཅས་གཞིར་བཟུང་ཞིང་། ཆེད་ལས་དང་ལས་རིགས། ཁྱབ་ཁོངས་སོགས་ལས་གནས་ཀྱི་དགོས་མཁོ་དང་ཁྱད་ཆོས་ལ་དམིགས་ནས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་དེ་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཀྱི་ཚོགས་པའི་ལས་ཞུགས་ལ་རྒྱབ་སྐྱོབ་བྱེད་པར་ཟུང་འབྲེལ་བྱས་ཏེ། ལས་ཞུགས་ལས་གནས་ཀྱི་དགོས་མཁོ་སྔོག་འདོན་བྱས་པ་དང་ལས་ཞུགས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། དེ་དང་ཆབས་ཅིག རིགས་སོ་སོའི་ལས་ཞུགས་ཞབས་ཞུའི་སྟེགས་བུ་དང་ཚགས་པར། སྐད་འཕྲིན་སྤྱི་སྟེགས། སྐད་འཕྲིན་གྲོགས་ཚོམས་སོགས་བརྒྱུད་དེ་འབྲེལ་ཡོད་ལས་བསྡུའི་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་པ་དང་། ལས་ཞུགས་རོགས་སྐྱོར་ཟླ་བ”དདཔྱིད་རླུང་འགུལ་སྐྱོད དམངས་གཉེར་ཁེ་ལས་ཀྱི་ལས་བསྡུའི་ཟླ་བསོགས་སྟེགས་བུ་བརྒྱུད་ནས། རིམ་པ་མང་པའི་ལས་བསྡུའི་བྱེད་སྒོ་སྤེལ་ཞིང་། མི་སྣ་དང་ལས་གནས་གནད་འཁེལ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ལ། འབྲེལ་ཡོད་ལས་ཞུགས་ཆ་འཕྲིན་དུས་ལྟར་སྒྲོག་སྤེལ་བྱས་ཏེ། སློབ་ཆེན་མཐར་ཕྱིན་སློབ་མས་ལས་ཞུགས་ཆ་འཕྲིན་ལ་དུས་ལྟར་རྒྱུས་ལོན་བྱེད་པར་སྟབས་བདེ་གང་མང་བསྐྲུན།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

文来源/青海日报

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章