壤塘县人民政府2024—2025年度草原防火命令

政务   2024-10-01 22:06   四川  


壤塘县人民政府

2024—2025年度草原防火命令


 

为有效预防和扑救草原火灾,全力维护人民生命财产安全和草原生态安全,根据《中华人民共和国草原法》《草原防火条例》和《阿坝藏族羌族自治州森林草原防灭火条例》有关规定,结合我县实际,发布如下命令。


一、明确草原防火期

全县2024—2025年度草原防火期为2024年9月15日至2025年5月31日,其中2025年1月1日至2025年5月10日为草原高火险期。县人民政府可结合本县实际延长草原防火期和调整草原高火险期,并向社会公布。


二、划定草原防火管制区

草原防火期内,出现高温、干旱、大风等高火险天气时,乡(镇)人民政府应当将极高草原火险区、高草原火险区以及一旦发生草原火灾可能造成重大人员伤亡或财产损失的区域划为草原防火管制区,规定管制期限,向社会公布,并报县人民政府备案。


三、适时发布禁火命令

县人民政府可以根据需要适时发布禁火命令,规定草原禁火期,划定草原禁火区,严禁一切野外用火。对可能引起草原火灾的居民生活用火应当严格管理。


四、严控野外火源

切实筑牢用火审批、入山检查、日常巡护、联防联控“四条防线”。草原防火期内,应当遵守以下规定:

(一)因生产活动或者煨桑、祭祀等确需在草原上野外用火的,应当经乡(镇)人民政府批准。用火单位或者个人应当按照“四定一灭”要求采取必要的防火措施,防止失火。

(二)因生活需要在草原上用火的,应当选择安全地点,采取防火措施,用火后彻底熄灭余火。林地和草原接壤区域已划为森林防火区的,应当遵守森林防火的规定。

(三)除(一)(二)规定的情形外,严禁在草原上野外吸烟、烧纸、烧香、点烛、煨桑、燃放烟花爆竹、点放孔明灯、烧蜂、烧山驱兽、电猫狩猎、火把照明、生火取暖、野炊、烧荒、烧地边、烧田埂、焚烧秸秆、烧灰积肥、焚烧垃圾、野外露营用火及其他野外用火,禁止在草原上使用枪械狩猎。

(四)进行爆破、勘察和施工等活动的,应当经属地乡(镇)人民政府和林草部门批准备案,并采取防火措施,防止失火。进行实弹演习、处置突发性事件和执行其他任务的,应当采取必要的防火措施。

(五)按规定在牧区要道口以及各类涉草原自然保护地、旅游景区景点等设立检查站,设置草原防火警示牌、预警信息提示牌和“防火码”,配备必要的火源探测器。进入人员和车辆必须接受防火检查,主动交出火源由检查站代为保管,严禁携带火种或易燃易爆物品进入。在草原上作业或者行驶的机动车辆,应当安装防火装置,严防漏火、喷火或闸瓦脱落引起火灾;交通工具上的司乘人员应当向旅客宣传草原防火规定,司乘人员和旅客不得丢弃火种。

(六)草原上从事野外作业的机械设备应当配备防火装置,落实防火措施;作业人员应当遵守防火安全操作规程,防止失火。

(七)在草原防火管制区内,禁止一切野外用火。对可能引起草原火灾的非野外用火,乡(镇)人民政府或者林草部门应当按照管制要求严格管理。进入草原防火管制区的车辆,应当取得乡(镇)人民政府或者林草部门颁发的草原防火通行证,并服从防火管制。

违反以上规定的,属地乡(镇)人民政府和公安、林草等部门依法给予相应处罚,构成犯罪的,依法追究刑事责任。对草原防火期内在草原野外烧纸、吸烟等违规用火的,依法给予警告、罚款或者拘留等行政处罚;公职违规的,依规依纪依法给予党纪政务处分,直至开除公职;如领导干部在场未制止违规行为或制止不力的,依规依纪依法处理;如违规引起火灾构成犯罪的,依法追究刑事责任。


五、排查整治火灾隐患

各乡(镇)人民政府、县级有关部门应常态化组织开展全方位、拉网式草原火灾隐患排查整治,对草原内的城镇、道路、村庄(住户)、学校、医院、养老院、文物保护单位、易燃易爆站库、工厂、电站、施工工地、行人休息驿站、景区旅游步道、祭祀煨桑点等重点地段、重点目标和重要设施,以及在牧区危险地段的电力和电信线路设施等设置必要的防火隔离带,清除沿途、周边和下方的可燃物;加强电力、通信线路管理,组织定期巡护和安全检查,排查整治重点领域火灾隐患。


六、实施分区分级精准防控

各乡(镇)人民政府、县级有关部门要根据火险等级、火险区划等划分草原防火责任区域,明确责任人和职责任务,实行网格化管理。加强草原火险预测预报预警,严格落实火险预警逐级“叫应”机制和分区分级精准防控措施。负有监护责任的单位和个人应当采取措施加强对无民事行为能力人和限制民事行为能力人的管理,防止被监护人野外用火、玩火。林草、应急部门要加强检查指导,督促国有林场管理单位和乡(镇)人民政府加强防火巡护和检查。


七、加强应急准备和科学处置

草原防火期内,各乡(镇)人民政府、和负有草原防灭火的部门要严格24小时值班和领导带班制度,及时核查反馈热点信息。要加强火情监测和“以水灭火”体系建设,保持防灭火设施和装备完好有效,备足应急救援物资,补充蓄满消防用水。各类扑火队伍要常态化开展实战训练演练,做好扑火准备。高火险时段在重点地段前置扑火力量、装备和物资,靠前驻防、带装巡护。一旦出现火情,按规定及时启动应急响应并上报火情信息,第一时间采取措施疏散转移受威胁群众,保护重要设施;在具备条件和扑火人员安全有保障的前提下,立即采取安全有效的措施有序组织开展扑救,控制火情,防止蔓延,减少损失。对发生的火情火灾要迅速查清原因,依规依纪依法给予相关责任单位和责任人相应处罚。


八、强化宣传教育

各乡(镇)人民政府、县级有关部门要采取多种形式广泛开展森林草原防灭火宣传教育,认真组织开展防火宣传月、“3·30”森林草原防灭火警示日、小手拉大手、我倡议我承诺等系列宣传活动,强化警示教育,引导群众移风易俗、文明安全用火,增强公众的责任意识、安全意识和法治意识,提高公众预防、避险、自救、互救和防灾减灾能力。


九、落实防灭火责任

严格执行以地方政府行政首长负责制为核心的草原防灭火工作责任制,结合林(草)长制、“微网实格”落实“第一责任人”防控责任,压实属地党委政府领导责任、行业部门监管责任和草原经营管理单位(个人)主体责任,实行县级领导包乡(镇)、乡(镇)领导包村(组)、村(组)干部包户、护草员包草场的包保责任机制。草原毗邻地区、单位要签订联防联控协议,明确联防联控职责,落实联防联控责任,协同做好联防联控区域内的草原防灭火工作。


十、迅速报告火情

任何单位和个人发现草原火情,应立即拨打12119火警电话报警。接到报告的乡(镇)人民政府或森林草原防灭火指挥机构应当立即派人赶赴现场调查核实,在确保安全的前提下,科学采取扑救措施,严格按照有火必报、报扑同步的要求和有关规定及时逐级报上级人民政府和上一级草原防灭火指挥机构,严禁迟报、瞒报、漏报。


十一、加大监督检查力度

各乡(镇)人民政府、县级有关部门要向检查发现有草原火灾风险隐患的责任单位或责任人下发整改通知书,督促限期整改,对拒不整改的,依规依纪依法严肃处理。公安部门、草原防火主管部门等要坚持依法行政、依法治火,严格查处草原火灾案件,做到每案必查,每案必究。

 

壤塘县人民政府

2024年9月27日

 

ཛམ་ཐང་རྫོང་མི་དམངས་སྲིད་གཞུང་།

2024ནས2025ལོའི་རྩྭ་ཐང་མེ་འགོག་གི་བཀའ་རྒྱ།


རྩྭ་ཐང་ལ་མེ་སྐྱོན་ཤོར་བ་སྔོན་འགོག་དང་མྱུར་གསོད་ནུས་ལྡན་བྱེད་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར། སྐྱེ་ཁམས་བདེ་འཇགས་སོགས་ཁག་ཐེག་ཕྱིར་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་ཁྲིམས་དང་། རྩྭ་ཐང་མེ་འགོག་ཚན་པ། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་སའི་མེ་འགོག་ཚན་པ་སོགས་འབྲེལ་ཡོད་གཏན་འབེབས་དང་། རང་རེའི་རྫོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། གཤམ་གྱི་བཀའ་རྒྱ་འདི་སྤེལ་བ་ཡིན། 


དང་པོ། ནགས་ཚལ་མེ་འགོག་གི་དུས་ཚོད་གཏན་ཁེལ་བྱས།

རྫོང་ཧྲིལ་བོའི2024ནས2025ལོའི་རྩྭ་ཐང་མེ་འགོག་དུས་ཚོད་ནི2024ལོའི་ཟླ9པའི་ཚེས15ནས2025ལོའི་ཟླ5པའི་ཚེས31ཉིན་ཡིན། དེ་ལས། 2025ལོའི་ཟླ1པོའི་ཚེས་1ནས2025ལོའི་ཟླ5པའི་ཚེས10བར་ནི་རྩྭ་ཐང་ལ་མེ་ཤོེར་ཉེན་ཁ་ཆེ་བའི་དུས་ཡིན། རྫོང་མི་དམངས་སྲིད་གཞུང་གིས་རང་རྫོང་གི་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་རྩྭ་ཐང་མེ་འགོག་དུས་དང་རྩྭ་ཐང་ཉེན་ཁ་ཆེ་བའི་དུས་སྐབས་བཅོས་བསྒྱུར་བྱས་པ་མ་ཟད། སྤྱི་ཚོགས་ལ་གསལ་བསྒྲགས་བྱས་ཡོད། 


གཉིས་པ། རྩྭ་ཐང་མེ་འགོག་བཀག་འགོག་ས་ཁུལ་གྱི་ས་མཚམས་དབྱེ་བ། 

རྩྭ་ཐང་མེ་འགོག་དུས་སྐབས་སུ། གནམ་གཤིས་ཐན་སྐམ་དང་དྲོད་ཚད་མཐོན་པོར་འཕར་བ། རླུང་ཆེན་གཡུགས་པ་སོགས་ཀྱི་གནས་ཚུལ་བྱུང་ན། ཡུལ་ཚོ་དང་གྲོང་བརྡལ་གྱིས་རྩྭ་ཐང་ལ་མེ་ཡི་ཉེན་ཁ་ཤིན་ཏུ་ཆེ་བའི་ས་དང་ཉེན་ཁ་ཆེ་བའི་ས་སྟེ། མི་ལ་རྨས་སྐྱོན་བྱུང་ཉེན་དང་རྒྱུ་ནོར་ལ་གནོད་སྐྱོན་ཐེབས་ཉེན་ཆེ་བའི་ས་ཁུལ་དེ་རྩྭ་ཐང་མེ་འགོག་བཀག་འགོག་ས་ཁུལ་དུ་དབྱེ་ནས། ས་དེ་བཀག་འགོག་དུས་སྐབས་གཏན་ཁེལ་བྱེད་པ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས་ཏེ། རྫོང་མི་དམངས་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས། 


གསུམ་པ། སྐབས་དང་བསྟུན་ནས་མེ་འགོག་བཀའ་རྒྱ་ཕྱིར་སྒྲོག་བྱེད་དགོས།

རྫོང་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་མེ་བཀག་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས་རྩྭ་ཐང་གི་མེ་བཀག་ཁུལ་གཏན་འབེབས་དང་། རྩྭ་ཐང་གི་མེ་བཀག་ས་ཁུལ་དབྱེ་འབྱེད་གཏན་འབེབས་དང་། རི་ཐང་གི་མེ་སྤྱོད་མཐའ་དག་བཀག་སྡོམ་བྱ་དགོས། རྩྭ་ཐང་གི་མེ་སྐྱོན་འབྱུང་སྲིད་པའི་ཡུལ་མིའི་འཚོ་བར་སྤྱོད་ཡུལ་དོ་དམ་ནན་པོ་བྱ་དགོས།


བཞི་པ། ཕྱི་རོལ་གྱི་མེ་འབྱུང་གནས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་དགོས།

མེ་ཟོན་གྱི་ཞིབ་བཤེར་ཆོག་མཆན་དང་། རི་འཛེག་ཞིབ་བཤེར། རྒྱུན་གཏན་གྱི་སྐོར་སྐྱོད་སྲུང་སྐྱོབ། མཉམ་འགོག་མཉམ་འཛིན་བཅས་ཀྱི་འགོག་སྲུང་འཛིང་རགས་བཞི་ཏན་ཏིག་བསྐྲུན་དགོས། རྩྭ་ཐང་གི་མེ་ཟོན་དུས་སྐབས་སུ་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

 གཅིག ལྷ་བསང་གཏོང་བ་དང་དུར་མཆོད་བྱེད་པ་སོགས་ཐོན་སྐྱེད་དགོས་མཁོ་ལ་མེ་དགོས་ཚེ། ཡུལ་ཚོ་དང་གྲོང་བརྡལ་གྱི་སྲིད་གཞུང་ནས་ཆོག་མཆན་ངེས་པར་ཐོབ་དགོས།ལས་ཁུངས་སམ་མི་སྒེར་གང་ཡིན་ཡང་།བཞི་ངེས་གཅིག་གསོད་ཀྱི་ཐབས་ལམ་སྤྱད་ནས་མེ་གསོད་དགོས་པ་ལས།མེ་གཏན་ནས་ཤོར་དུ་འཇུག་མི་རུང་།

    གཉིས། དུས་རྒྱུན་འཚོ་བའི་དགོས་མཁོ་ལ་མེ་དགོས་ཚེ། བདེ་འཇགས་ཀྱི་གནས་ཤིག་བདམས་ནས། མེ་གསོད་ཐབས་ལམ་ཡང་དག་ཅིག་བཙལ་ཞིང་།མེ་བཀོལ་ཚར་རྗེས།ཐལ་བ་སོགས་ལ་ཞིབ་ཏུ་བལྟས་ནས་མེ་ཅུང་ཙམ་ཡང་མེད་ན། ད་གཟོད་འགྲོ་ཆོག ནགས་ལས་དང་རྩྭ་ཐང་མཚམས་ཀྱི་ས་ཁུལ། ནགས་ཚལ་མེ་འགོག་ཁུལ་དུ་བདམས་པ་དག་ལ་ངེས་པར་བརྩི་འཇོག་ནན་མོ་བྱེད་དགོས།

གསུམ། གོང་གི་དོན་ཚན་གཉིས་མ་གཏོགས། གཞན་རྩྭ་ས་གང་རུང་ནས་དུ་བ་འཐེན་པ། ཤོག་བུ་བསྲེག་པ། སྤོས་བསྒྲོན་པ། ཞག་སྒྲོན་བསྒྲོན་པ། བསང་ཕུད་པ། ཤོག་སྦག་གཏོང་བ། གློག་ཞུན་བསྒྲོན་པ། མེ་སྤྱད་ནས་སྲོག་ཆགས་བདའ་བ། གློག་སྤྱད་ནས་གཅན་གཟན་སོགས་གསོད་པ། མེ་སྤྱད་ནས་ལམ་བཙལ་བ། འཁྱག་ནས་མེ་སྦར་བ། མེ་སྤྱད་ནས་ཇ་སྐོལ་བ། རྩྭ་ལུད་སྦར་བ། ཡུག་རྩྭ་སྦར་བ།ཐལ་ཕུང་མེར་སྦར་བ།གད་སྙིགས་མེར་བསྲེག་པ།མེ་བདའ་བཟུང་ནས་གཅན་གཟན་གསོད་པ་སོགས་ཕྱི་རོལ་གྱི་མེ་དང་འབྲེལ་ཡོད་ཀྱི་བྱ་བ་གཏན་ནས་བྱེད་མི་ཆོག

བཞི་པ། བྲག་གཏོར་བ་སོགས་ལ་འགད་རྫས་དང་ལས་ཀར་ལྟ་ཞིབ། ལས་ཀ་ལས་དགོས་པ་སོགས་ཀྱི་བྱེད་སྒོ་ལ་ངེས་པར་གོང་རིམ་ནས་ཆོག་མཆན་ཡོད་དགོས།མེ་མི་ཤོར་བ་དང་མེ་སྐྱོན་མི་འབྱུང་བའི་ཆ་རྐྱེན་འོག་ཏུ་མེ་བཀོད་སྤྱོད་བྱེད་དགོས། མེ་གསོད་ཀྱི་ཐབས་ལམ་དང་ལག་ཆ་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་མ་ཟད། མེ་གསོད་པར་སྔོན་ནས་ཚོད་ལྟ་དང་སྦྱོང་བརྡར་བྱེད་དགོས།

ལྔ་བ། འབྲོག་པ་ཚོ་འགྲོ་བའི་ལམ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ། ཡུལ་སྐོར་ལྗོངས་རྒྱུའི་གནས་ལ་བརྟག་དཔྱད་ས་ཚིགས་འཛུགས་དགོས། རྩྭ་ཐང་མེ་འགོག་ཉེན་བརྡའི་བྱང་དང་ཉེན་བརྡའི་ཆ་འཕྲིན་ཕྱིར་སྒྲོག་བྱང་བུ་དང་། མེ་འགོག་བྱང་། མེ་ཡོད་མེད་བརྟག་དཔྱད་འཕྲུལ་ཆས། འགྲོ་འོང་མི་སྣ་དང་འགྲིམ་འགྲུལ་གྱིས་ངེས་པར་ཐོ་འགོད་བྱེད་དགོས། ཐོ་འགོད་དང་བརྟག་ཞིབ་སྐབས་སུ། མེ་དང་འབྲེལ་ཡོད་ཀྱི་དངོས་པོ་དག་ངེས་པར་ཕྱིར་སྤྲོད་དུ་བཅུག་ནས་ས་ཚིགས་དེས་བདག་གཉེར་བྱེད་པ་ལས། མེ་དང་འབར་སླ་བའི་དངོས་པོ་སོགས་གཏན་ནས་འཁྱེར་ནས་འགྲོ་རུ་འཇུག་མི་ཆོག རྩྭ་ཐང་དུ་འགྲོ་འོང་བྱེད་པའི་རླངས་འཁོར་དུ་ངེས་པར་མེ་གསོད་འཕྲུལ་ཆས་དང་མེ་འགོག་དངོས་རྫས། མེ་གསོད་རྒྱུ་ཆ་ཆ་ཚང་བར་འཁྱེར་དགོས། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ཁ་ལོ་བས་རང་གི་མགྲོན་པོ་དག་ལ་མེ་ལ་གཟབ་དགོས་པའི་དོན་དག་ངེས་པར་བཤད་དགོས་པ་ལས། མེ་དང་འབྲེལ་ཡོད་ཀྱི་དགོས་པ་སོགས་འཁྱེར་དུ་འཇུག་མི་ཆོག

དྲུག་པ། རྩྭ་ཐང་དུ་ལས་ཀ་གཉེར་བའི་འཕྲུལ་ཆས་སོགས་ཀྱིས་རང་ཉིད་ཀྱིས་མེ་གསོད་ལག་ཆ་འཁྱེར་རྒྱུ་དང་མེ་གསོད་ཐབས་ལམ་ཁོང་དུ་ཆུད་པར་བྱེད་དགོས། རྩྭ་སའི་མེ་འགོག་ལ་བརྩི་སྲུང་བྱས་ནས་མེ་གཏན་ནས་ཤོར་དུ་འཇུག་མི་རུང་།

བདུན་པ། རྩྭ་ཐང་མེ་འགོག་དོ་དམ་ས་ཁུལ་ནང་དུ། སྡོད་དམངས་ཀྱིས་ཉེར་མཁོའི་འཚོ་བའི་ཁྲོད་མེ་འཆོར་ཉེན་ཡོད་པ་སོགས་ནང་གི་མེ་བཀོལ་སྤྱོད་ལ། ཡུལ་ཚོ་དང་གྲོང་བརྡལ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་དང་། ཡང་ན། ནགས་ལས་དང་རྩྭ་ཐང་སྲིད་འཛིན་གཙོ་ཁུལ་ཁག་གིས་དོ་དམ་ཡིག་ཆ་ལྟར། དོ་དམ་ནན་མོ་བྱེད་དགོས། རྩྭ་ཐང་མེ་འགོག་དོ་དམ་ཁུལ་གྱི་རླངས་འཁོར་ལ་རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་རྩྭ་ས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་གནང་བའི་འགྲོ་འོང་འཛིན་ཡིག་དེ་ལེན་འོས། མ་ཟད། མེ་འགོག་དོ་དམ་ལ་བརྩི་སྲུང་ནན་མོ་བྱེད་དགོས།

གོང་གི་གཏན་འབེབས་དག་ལ་འགལ་ཚེ། རྫོང་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཡོད་སྲིད་འཛིན་ཏེ། ཡུལ་ཚོ་དང་གྲོང་བརྡལ་གྱིས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་དང་། ཁྲིམས་ལུགས་དང་འགལ་བར། ཁྲིམས་ལྟར་ཉེས་དོན་ཁྲིམས་འགལ་གྱི་འགན་ཁུར་དགོས། རྩྭ་ཐང་མེ་འགོག་དུས་སྐབས་སུ། རྩྭ་ཐང་ནས་ཤོག་བུ་བསྲེག་པ་དང་དུ་བ་འཐེན་པ་སོགས་ལ་མེ་སྤྱད་ཚེ། ངག་ཐོག་ནས་ཐ་ཚིག་སྒྲོག་རྒྱུ། སྒོར་མོས་ཆད་པ་གཅོད་རྒྱུ། ཁྲིམས་ལ་འཛིན་རྒྱུ་སོགས་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ལས་བྱེད་མི་སྣས་ཁྲིམས་འགལ་བྱས་ཚེ། གཏན་འབེབས་དང་སྒྲིག་ལམ། ཁྲིམས་ལུགས་ལྟར། ཏང་གི་སྒྲིག་ལམ་སྲིད་དོན་ལྟར་ཐ་ཚིག་སྒྲོག་རྒྱུ་དང་། ཚབས་ཆེ་ན་ལས་གནས་ལས་ཕུད་རྒྱུ་སོགས་ཡིན། འགོ་ཁྲིད་མི་སྣས་ཁྲིམས་འགལ་བྱས་ཚེ། གཏན་འབེབས་དང་སྒྲིག་ལམ། ཁྲིམས་ལུགས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་དང་། གལ་ཏེ། ཁྲིམས་འགལ་དེས་མེ་སྐྱོན་བཟོས་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་ཁུར་ཡོད། 


 ལྔ་པ། མེ་སྐྱོན་འབྱུང་ངེས་ཁུལ་བདམས་བསལ་བྱས་ནས་བཅོས་སྐྱོང་བྱ་དགོས།

ཡུལ་ཚོ་དང་གྲོང་རྡལ་སོ་སོ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་རྣམ་ལྟར་ཆ་ཚང་བ་དང་ཏྲ་མིག་འཐེན་པའི་རྣམ་པ་ཅན་བྱས་ནས་མེ་སྐྱོན་འབྱུང་ངེས་པའི་རྩྭ་ཐང་དག་བདམས་བསལ་བྱས་ནས་བཅོས་སྐྱོང་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ནགས་ཚལ་མེ་སྐྱོན་འགོག་སྲུང་དུ་ཡོད་པའི་གྲོང་བ་དང་ལམ། སྡེ་བ་དང་སྡོད་དམངས། སློབ་གྲྭ། སྨན་ཁང་། རྒན་གསོ་ཁང་། རིག་དངོས་སྲུང་སྐྱོབ་ལས་ཁུངས། འབར་སླའི་དངོས་རྫས་ས་ཚིགས། བཟོ་གྲྭ། གློག་གི་ས་ཚིགས། ལས་ཀ་ལས་ས། འགྲུལ་བའི་ངལ་གསོའི་ས་ཚིགས། ཡུལ་ལྗོངས་ལྟ་སྐོར་རྐང་ལམ། དུར་མཆོད་བསང་ཕུད་ཀྱི་ས་གནས་སོགས་གལ་ཆེན་གནད་འགག་གི་ས། གནད་འགག་གི་དམིགས་ཡུལ་དང་གནད་འགག་གི་མ་ལག ནགས་ཚལ་མེ་འགོག་ཁུལ་གྱི་ཉེན་ཁ་ཆེ་བའི་གློག་ཤུགས་དང་། གློག་འཕྲིན་སྐུད་ལམ་མ་ལག་སོགས་ལ་དགོས་ངེས་ཀྱི་མེ་འགོག་ལོག་བཀར་གྱོན་ཆས་གྲ་སྒྲིག་བྱས་ཏེ། ལམ་འགྲམ་དང་མཐའ་འཁོར། འགབ་ཕྱོགས་ཀྱི་སྡོང་སྐམ། ལོ་མ། ལུད་སོགས་འབར་སླ་བའི་དངོས་རྫས་གཙང་སེལ་བྱེད་དགོས། གློག་ཤུགས་དང་བརྡ་འཕྲིན་སྐུད་ལམ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། དེ་དག་བདག་གཉེར་དང་དུས་བཅད་ལྟ་སྐྱོང་། བདེ་འཇགས་ཞིབ་བཤེར། མེ་སྐྱོན་འབྱུང་ངེས་ཀྱི་ཉེན་ཁ་དག་བཅོས་སྐྱོང་ལེགས་པོ་བྱེད་དགོས། 


དྲུག་པ། ས་ཁུལ་དང་རིམ་པ་མི་འདྲ་བར་གནད་ཕིགས་ཀྱི་སྔོན་འགོག་ལག་བསྟར་བྱེད་དགོས།

གྲོང་རྡལ་ལམ་ཡུལ་ཚོ་སོ་སོ། རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་རང་གི་ས་ཁུལ་གྱི་ལས་ཁུངས་ཀྱི་མེ་ཡི་ཉེན་ཁའི་རིམ་པ་དང་། ཉེན་ཁའི་ས་ཁུལ། རྩྭ་ཐང་མེ་འགོག་ས་ཁུལ་གྱི་འགན་ཁུར་ཁྱབ་ཁོངས་དབྱེ་བ་འབྱེད་དགོས། འགན་ཁུར་མི་སྣ་དང་ལས་འགན་གསལ་བོ་བྱེད་དགོས། ས་ཁུལ་དང་རིམ་པ་དབྱེ་བར་དྲ་རྒྱ་རང་བཞིན་གྱི་དོ་དམ་ལག་བསྟར་བྱེད་དགོས། མེ་འགོག་དུས་སྐབས་སུ། ནགས་ཚལ་ལ་མེ་ཡིས་ཉེན་ཁ་བཟོ་མིན་གྲོས་སྡུར་དང་དཔྱད་གླེང་བྱེད་པར་ཤུགས་སྣོན་བྱས་ནས། ཚན་རིག་དང་མཐུན་པར་མེ་ཉེན་སྔོན་དཔག་སྔོན་བརྡའི་ལས་ཀ་བསྒྲུབ་པ་དང་། དུས་ལྟར་སྤྱི་ཚོགས་སུ་གསལ་སྒྲོག་བྱེད་དགོས། མེ་ཡི་ཉེན་འགོག་སྔོན་བརྡ་དེ་བརྡ་གཏོང་འཕྲུལ་ཆས་དང་ས་ཁུལ་དང་རིམ་པ་མི་འདྲ་བའི་གནད་ཕིགས་ཚོད་འཛིན་ལག་བསྟར་ནན་མོ་བྱེད་དགོས། སྡེ་དམངས་ཀྱིས་བྱང་བུ་འདོགས་པ་དང་རེས་མོས་ཀྱིས་ལྟ་སྲུང་བྱེད་པ་དང་། ནགས་སྲུང་རི་སྐྱོབ་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས། འགན་ཁུར་ཁུར་བའི་ལས་ཁུངས་དང་མི་སྒེར་གྱིས་དགོས་ངེས་ཀྱི་ཐབས་ལམ་སྤྱད་དེ། དམངས་དོན་སྤྱོད་པའི་ནུས་པ་མེད་པ་དང་དམངས་དོན་ནུས་པ་ཚོད་འཛིན་ཐེབས་པའི་མི་ཡི་དོ་དམ་ལ་ཤུགས་སྣོན་བྱེད་དགོས། མི་དེ་དག་ལ་འགན་ཁུར་བྱེད་མཁན་གྱིས་ཕྱི་རོལ་ནས་མེ་བཀོལ་བ་དང་མེ་ཡིས་རྩེད་མོ་རྩེ་བ་གཏན་འགོག་བྱེད་བྱེད་དགོས། རྫོང་ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་འགན་པུའུ་ཡིས་དེ་དག་ལ་ཞིབ་བཤེར་དང་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས། རྒྱལ་གཉེར་ནགས་ལས་སྲུང་སྐྱོབ་དོ་དམ་ལས་ཁུངས་ལ་ལྟ་རྟོག་དང་། ནགས་ཁུལ་དོ་དམ་ལས་ཁུངས་དང་ཡུལ་ཚོ་དང་གྲོང་རྡལ་གྱིས་མེ་འགོག་ཞིབ་བཤེར་དང་རི་ཉུལ་ནགས་སྲུང་གི་ལས་ཀར་ཐེ་གཏོགས་ནན་མོ་བྱེད་པར་ཤུགས་སྣོན་དགོས། རི་བོ་སྲུང་ཐུབ་པ་དང་། མི་ལ་བལྟ་ཐུབ་པ། མེ་འགོག་ཐུབ་པ་བཅས་བྱེད་ཐུབ་དགོས། 


བདུན་པ། འཕྲལ་བསྟུན་གྲ་སྒྲིག་དང་ཚན་རིག་དང་མཐུན་པའི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།

རྩྭ་ཐང་གི་མེ་ཟོན་དུས་སྐབས་སུ་ཞང་གྲོང་ཁག་གི་མི་དམངས་སྲིད་གཞུང་དང་རྩྭ་ཐང་གི་མེ་ཟོན་སྡེ་ཚན་གྱིས་ཆུ་ཚོད 24 ཡི་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ནན་པོ་བཟོས་ཏེ་དུས་ཐོག་ཏུ་གདན་དོན་ཅི་ཞིག་ཡོད་རུང་ཆ་འཕྲིན་ལ་ཞིབ་བཤེར་དང་ཡར་ཞུ་བྱེད་དགོས། མེའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་ཆུ་ལ་བརྟེན་ནས་མེ་གསོད་མེ་འགོག་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་གསོད་མེ་འགོག་གི་སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་ཞིང་ཕན་ནུས་ལྡན་པར་སྲུང་འཛིན། བབ་བསྟུན་མྱུར་སྐྱོབ་དངོས་རྫས་འདང་ངེས་ཤིག་གྲ་སྒྲིག་བཅས་བྱས་ཏེ་མེ་གསོད་ཆུ་གསོག་འདང་ངེས་ཡོང་བར་བྱ་དགོས། མེ་དཔུང་སྣ་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་དངོས་འཐབ་སྦྱོང་བརྡར་ནང་སྦྱོང་བྱས་ཏེ་མེ་གསོད་པའི་གྲ་སྒྲིག་ཡག་པོ་བྱེད་དགོས། མེ་སྐྱོན་ཉེན་ཆེའི་དུས་རིམ་གྱིས་གཙོ་གནད་ཀྱི་སྔོན་ལ་མེ་གསོད་སྟོབས་ཤུགས་དང་། སྒྲིག་ཆས། དངོས་རྫས་བཅས་བཀོད་སྒྲིག་བྱེད་དགོས།སྐོར་སྲུང་། གལ་ཏེ་མེ་སྐྱོན་བྱུང་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་བབ་བསྟུན་དང་ལེན་བྱེད་པ་དང་། མེ་སྐྱོན་གནས་ཚུལ་གྱི་ཆ་འཕྲིན་དུས་ཐོག་ཏུ་སྤེལ་བར་སྔོན་འགོག་དང་། འཕྲལ་མར་བྱེད་ཐབས་སྤྱད་དེ་མང་ཚོགས་ཁ་བཀྲམ་ནས་འཇིགས་སྣང་སྐུལ་བ་དང་། གལ་ཆེའི་སྒྲིག་བཀོད་སྲུང་སྐྱོང་བྱེད་པ། ཆ་རྐྱེན་འཛོམས་པའི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡོད་པའི་སྒོ་ནས་མེ་སྐྱོན་སྔོན་འགོག་བྱ་དགོས།མེ་སྐྱོན་བྱུང་བར་མྱུར་དུ་རྒྱུ་རྐྱེན་རྩད་གཅོད་བྱེད་དགོས་པ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲིའི་སྡེ་ཚན་དང་འགན་འཁྲི་མི་སྣར་བབ་མཚུངས་ཀྱི་ཆད་པ་གཅོད་དགོས།


བརྒྱད་པ། སློབ་གསོ་དྲིལ་སྒྲོག་གི་ནུས་པ་ཆེ་རུ་གཏོང་བ།

ཞང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རྣམ་པ་སྣ་མང་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མེ་འགོག་སྐོར་གྱི་དྲིལ་བསྒྲགས་ཟླ་བ་དང་། 3 . 30 ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཉེན་བརྡའི་ཉིན་མོ་དང་། ལག་ཆུང་ལག་ཆེན་འཐེན་པ། ངས་ཁས་ལེན་སོགས་བརྗོད་གཞི་ཡིན་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་གོམས་སྲོལ་བསྒྱུར་སླ་བ། ཡ་རབས་ཚུལ་ལྡན་གྱི་མེ་སྤྱོད་པ། སྤྱི་དམངས་ཀྱི་འགན་འཁྲིའི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་སྔོན་འགོག་དང་། ཉེན་གཡོལ། རང་སྐྱོབ། གནོད་འགོག་གནོད་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།


དགུ་པ། མེ་འགོག་དང་མེ་གསོད་ཀྱི་འགན་ཁུར་ལག་བསྟར་བྱེད་དགོས།

ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའུ་སྲིད་གཞུང་གིས་ཏང་སྲིད་ཀྱི་འགན་ཁུར་མཉམ་ལེན་དང་ཕྱོགས་ཡོངས་ནས་ནགས་ཚལ་མེ་འགོག་གི་ལས་ཀ་སྲིད་འཛིན་མགོ་བའི་འགན་ཁུར་ལམ་ལུགས་ཀྱི་རེ་འདུན་ལྟར་ལག་བསྟར་བྱེད་དགོས། ནགས་ལས་མགོ་བའི་ལམ་ལུགས་ལས་བགོས་དང་འབྲེལ་ཏེ་འགན་ཁུར་མི་སྣ་དང་པོའི་འགན་ཁུར་གྱི་ལམ་ལུགས་ལྟར་ལག་བསྟར་བྱེད་དགོས། ས་གནས་དེའི་ཏང་ཨུའུ་ཡོན་སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱིས་འོས་འགན་ལག་སྟར་བྱེད་པ། ལས་རིགས་སྡེ་ཁག་གི་ལྟ་རྟོགས་འོས་འགན་དང་ཐོན་སྐྱེད་གཉེར་ལས་དོ་མ་ལས་ཁུངས་སམ་མི་སྒེར་གཙོ་གྲུབ་འགན་ཁུར། ཁུལ་མགོ་ཁྲིད་ཀྱིས་རྫོང་དང་གྲོང་ཁྱེར།རྫོང་དང་གྲོང་ཁྱེར་མགོ་ཁྲིད་ཀྱིས་ཡུལ་ཚོ་དང་གྲོང་རྡལ། ཡུལ་ཚོ་དང་གྲོང་རྡལ་མགོ་ཁྲིད་ཀྱིས་སྡེ་བ་དང་སྡེ་ཁུལ་ལ་ལྟ་རྟོགས་བྱས་སྟེ། སྡེ་བ་དང་སྡེ་ཁུལ་ལས་བྱེད་ཀྱིས་ཁྱིམ་ཚང་དང་ནགས་སྲུང་བ་ལ་ལྟ་རྟོགས་བྱེད་པ། གཅིག་གིས་གཅིག་ལ་ཁག་ཐེག་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ནགས་ཁུལ་མཐའ་འཁོར་གྱི་ས་ཁུལ་དང་ལས་ཁུངས་ལ་མཉམ་འབྲེལ་གྱི་ནགས་ཚལ་མཉམ་འགོག་གྲོས་ཆོད་གན་རྒྱ་འཇོག་དགོས། མཉམ་འགོག་དང་མཉམ་འཛིན་གྱི་ལས་ཁུར་ལག་བསྟར་བྱེད་དགོས། མཉམ་འབྲེལ་གྱིས་མཉམ་འགོག་ས་ཁུལ་ནང་ཁུལ་གྱི་ནགས་ཚལ་མེ་འགོག་སྲུང་སྐྱོབ་ལས་ཀ་ལེགས་པར་བསྒྲུབ་དགོས།


བཅུ་པ། མེ་ཡི་གནས་ཚུལ་གྱི་ཆ་འཕྲིན་མགྱོགས་མྱུར་ངང་ཡར་ཞུ་བྱེད་དགོས།

ལས་ཁུངས་གང་རུང་དང་མི་སྒེར་གང་ཡིན་རུང་རྩྭ་ཐང་ལ་མེ་སྐྱོན་བྱུང་བ་རྟོགས་ཚེ། ངེས་པར་དུ་མགྱོགས་མྱུར་ངང12119ལ་ཁ་པར་བརྒྱབ་ནས་ཞུ་གཏུག་བྱེད་དགོས། བརྡ་འབྱོར་མ་ཐག་ངེས་པར་མི་དམངས་སྲིད་གཞུང་དང་ནགས་ལས་ཁུངས་ཀྱིས་ཡུལ་དེར་མི་མངགས་ནས་ཞིབ་བཤེར་ནན་མོ་བྱེད་དགོས། བདེ་འཇགས་ཡིན་པའི་གནས་ཚུལ་འོག་ཏུ། ཚན་རིག་དང་མཐུན་པའི་ཐབས་ལམ་བེད་སྤྱད་དེ།  མེ་ཡོད་ན་ངེས་པར་ཡར་ཞུ་དང་། དེར་འགྲོ་བ་དང་མཉམ་དུ་འབྲེལ་ཡོད་ཡིག་ཆའི་གཏན་འབེབ་ལྟར། སྲིད་གཞུང་དང་ནགས་ལས་ཁུངས་ལ་ཡར་ཞུ་བྱེད་དགོས།   འགོར་འགྱངས། གསང་སྦས། ཆད་ལྷག་ཡོད་པ་སོགས་གཏན་ནས་མི་ཉན།


བཅུ་གཅིག ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་གོང་མཐོར་གཏོང་དགོས།

ཞང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་གི་མེ་སྐྱོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཡོད་པར་ཞིབ་བཤེར་དང་ཤེས་རྟོགས་བྱུང་བའི་འགན་འཁྲི་ཡོད་པའི་ལས་ཁུངས་ཀྱི་འགན་འཁུར་མིར་དག་ཐེར་ཡོ་བསྲང་བྱ་རྒྱུའི་བརྡ་ཐོ་གཏོང་དགོས་པ་དང་། དུས་བཀག་ལྟར་དག་ཐེར་ཡོ་བསྲང་མི་བྱེད་པར་ལྟ་སྐུལ་བྱ་དགོས། སྤྱི་བདེ་ལས་ཁུངས་དང་རྩྭ་ཐང་གི་མེ་འགོག་གཙོ་སྐྱོང་སྡེ་ཁག་སོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་མེ་བཅོས། རྩྭ་ཐང་གི་མེ་སྐྱོན་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གྱོད་གཞི་རེ་རེར་ངེས་པར་དུ་རྩད་གཅོད་བྱེད་དགོས།  


ཛམ་ཐང་རྫོང་མི་དམངས་སྲིད་གཞུང་གིས།

2024ལོའི་ཟླ9པའི་ཚེས27ཉིན།   



微壤塘
政务服务 风土人情 互联网新闻信息服务许可证编号 51120200100
 最新文章