སྤྱི་ལོ་2024ལོའི་ཟླ་བ་11ཚེས་8ཉིན། རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་33པ་སླེབས་མཚམས་སུ། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་དཔུང་སྡེས་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ཏེ་མང་ཚོགས་ལ་མེ་ཟོན་རོགས་སྐྱོབ་བྱེད་པའི་མི་མེད་གནམ་གྲུ་སོགས་རྩེར་སོན་སྔོན་ཐོན་སྒྲིག་ཆས་འགྲེམས་སྟོན་བྱས་པ་མ་ཟད་ངོ་མཚར་ལྟད་མོས་ཕྱུག་པའི་མེ་ཟོན་རོགས་སྐྱོབ་རྩལ་ནུས་འགྲན་བསྡུར་ཡང་བྱས་ཡོད།
ད་ཐེངས་བྱེད་སྒོ་དེ་འདྲ་ཞིག་གཉེར་དོན་ནི་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབས་ཅིག་མེ་ཟོན་དཔུང་སྡེའི་ཆེད་ལས་ཀྱི་བྱང་ཚད་དང་འཕྲལ་སྒྲུབ་ཐག་གཅོད་ནུས་པ་མཐོ་རུ་གཏོང་ཆེད་ཡིན་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མེ་ཟོན་རུ་མི་ཚོས་ལུས་ལ་མངོན་གསལ་དོད་པའི་མེ་ཟོན་གྱོན་ཆས་གྱོན་ཞིང་། བློ་རྩེ་གཅིག་སྒྲིམ་གྱིས་རིགས་ཁག་གི་རྩལ་ནུས་འགྲན་བསྡུར་ནང་ཞུགས་ཡོད།
བོད་ལྗོངས་མེ་ཟོན་གྱིས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་མེ་ཟོན་དཔུང་སྡེའི་དངོས་འཐབ་ནུས་པ་དང་མཐུན་སྦྱོར་བཀོད་འཐབ་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་ལ། མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཀྱང་ཟབ་ཏུ་བཏང་ཡོད། མེ་ཟོན་རུ་མི་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་དུས་བདེ་ཞི་འཇགས་འགན་ལེན་བྱེད་པའི་ཆོད་སེམས་མངོན་པར་བྱས་ཏེ་བོད་ལྗོངས་ཀྱི་བརྟན་ལྷིང་དང་གོང་འཕེལ་ཆེད་སྲ་ཞིང་བརྟན་པའི་མེ་ཟོན་སྲུང་རགས་ཤིག་བསྐྲུན་ཡོད།
县委进一步改进作风狠抓落实工作举报方式
举报电话:
0892-8212740
举报邮箱:
kmxdcs@sina.com
举报信箱点位:
党政办公楼大门右侧、政府楼大门左侧
邮政信箱:
康马县党政办公楼作风办212办公室