བཙོངས་ཟིན་པའི་ཁང་པ་ཕྱིར་བླངས་ཆོག་གམ།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན311པའི་གཏན་འཁེལ་ལྟར་ན། ཐག་གཅོད་བྱེད་དབང་མེད་མཁན་གྱིས་གཏན་ནོར་དང་འགུལ་ནོར་བརྒྱུད་ལེན་མཁན་ལ་བརྒྱུད་སྤྲོད་བྱས་ན་བདག་དབང་འཛིན་མཁན་ལ་ཕྱིར་ལེན་བྱེད་དབང་ཡོད། བཅའ་ཁྲིམས་ནང་གཏན་འཁེལ་གཞན་ཡོད་པ་ཕུད་གཤམ་གསལ་གྱི་གནས་ཚུལ་དང་མཐུན་པའི་རིགས་དེ་བརྒྱུད་ལེན་མཁན་ལ་གཏན་ནོར་དང་འགུལ་ནོར་གྱི་བདག་དབང་ཐོབ་པ་སྟེ།
(གཅིག) བརྒྱུད་ལེན་མཁན་གྱིས་གཏན་ནོར་དང་འགུལ་ནོར་དེ་བརྒྱུད་ལེན་བྱེད་སྐབས་གནོང་མེད་ཡིན་པ།
(གཉིས) ལུགས་མཐུན་གྱི་རིན་གོང་ལྟར་བཤུག་སྤྲོད་བྱས་པ།
(གསུམ) བཤུག་སྤྲོད་བྱས་པའི་གཏན་ནོར་དང་འགུལ་ནོར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཐོ་འགོད་བྱ་དགོས་པ་དང་ཐོ་འགོད་བྱས་ཟིན་པ། ཐོ་འགོད་བྱ་མི་དགོས་པའི་རིགས་བརྒྱུད་ལེན་མཁན་ལ་སྤྲད་ཟིན་པ་བཅས་ཡིན།
བརྒྱུད་ལེན་མཁན་གྱིས་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ལྟར་གཏན་ནོར་དང་འགུལ་ནོར་གྱི་བདག་དབང་ཐོབ་ན། ཐོག་མའི་བདག་དབང་འཛིན་མཁན་གྱིས་ཐག་གཅོད་བྱེད་དབང་མེད་མཁན་ལ་གྱོང་གུན་གསབ་སྤྲོད་བྱེད་པའི་རེ་འདུན་ཞུ་དབང་ཡོད།
མཁའ་འབུམ་རྒྱལ་གྱིས་བསྒྱུར།