༤༡ སྔགས་ལ་ཞུགས་ན་རྟ་རྒོད་ཞོན་ནས་གཡང་ཁར་འགྲོ་བ་དང་མཚུངས།

文化   2024-10-22 08:01   西藏  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །


ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     ད་སྐབས་ཚང་མ་སྔགས་ལ་ཉན་རྒྱུར་དགའ་མོད། འབྲོམ་སྟོན་པས་བླ་མ་པོ་ཏོ་བ་ལ་ཁྱོད་རང་ཚེ་འདིར་སྔགས་ལ་མ་ཞུགས། སྔགས་ལ་ཞུགས་ན་རྟ་རྒོད་ཞོན་ནས་གཡང་ཁར་འགྲོ་བ་དང་མཚུངས། གར་རྡེབ་ཆ་མི་འཚལ་གསུངས། དེ་སྔགས་ལ་མ་དགའ་བ་མིན་ཏེ། རང་ཅག་ལས་དང་བོ་བ་སྔགས་ཉམས་སུ་ལེན་པའི་ཚད་ལ་ཐོན་མེད་པའི་རྐྱེན་གྱིས་རེད། 

     སྐྱབས་འགྲོ་ཙམ་ཞིག་རྒྱུད་ན་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་ཏུ་འཇུག་རྒྱུ་ཡིན་ཟེར་བ་ནི། ཧ་ཅང་རྫུན་ཆེན་པོ་སྨྲ་བ་ཡིན། ཚུལ་འཆོས་ཞེས་པ་ནི་ཕྱི་ནས་བལྟས་ན་ཡག་ཀྱང་ནང་རུལ་བ་དེའི་མིང་ལ་ཟེར། 

     བླ་མའི་རྣལ་འབྱོར་ཉམས་སུ་ལེན་རྒྱུ་གལ་ཆེ། བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ནི། བླ་མ་དུས་ནམ་ཡང་སེམས་ལ་བཟུང་སྟེ་དད་གུས་བསྒོམ་ན་དུས་ཤིག་ལ་བླ་མའི་སྣང་བ་དང་མི་འབྲལ་བ་ཞིག་ཡོང་རྒྱུ་ཡོད། དེ་ནི་རྣལ་འབྱོར་མངོན་སུམ་དངོས་གནས་པ་མིན་མོད། དེ་ལྟར་བསྒོམ་ནས་བླ་མ་ལ་བསྟེན་པའི་དད་པ་བརྟན་པོ་ཞིག་དང་། བླ་མའི་རྣལ་འབྱོར་ཉམས་སུ་མ་བླངས་པར་ཆོས་ཉམས་ལེན་ཇི་ལྟར་བྱས་ཀྱང་བླ་མའི་བྱིན་རླབས་ཞུགས་རྒྱུ་དཀའ། 

མུ་འགོད།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章