防止返贫动态监测对象申报政策明白卡 གསལ་ཡིག་འདིར་ཡིན་གཅིག་ཡག་པོ་གཟིགས་རོགས།

政务   2024-11-20 18:31   西藏  

防止返贫

噶尔县防止返贫监测对象申报政策“明白卡”


广大农牧民朋友:

    2016年至2020年底,我区脱贫攻坚战取得全面胜利,现行标准下农村贫困人口全部脱贫,历史性消除了绝对贫困。但一些农牧户发展基础还比较脆弱,一些农牧户因病因灾因意外事故等可能会导致基本生活出现严重困难,如果不能得到及时帮扶,容易返贫致贫。按照党中央和自治区党委、政府要求,在过渡期,我们建立健全了防止返贫动态监测和帮扶机制,现将有关政策要点告知如下。

一、申请条件

我区将年人均纯收入低于 8000元(含)作为 2024年防止返贫监测范围,以此作为判断能否成为防止返贫监测对象的收入参考。防止返贫监测范围将综合农村低保标准、农村居民可支配收入增幅、物价指数变化等因素,每年动态调整。原则上,申请监测对象应具有农村户籍,且至少存在以下返贫致贫风险之一。

1.家庭唯一住房出现安全问题,家庭无力解决;

2.家里吃水遇到困难,家庭无力解决,包括断水超过 1个月、水质有问题、取水距离较远(时间较长 )等;

3.家庭成员患大病、重病、长期慢性病等,医药费较高家庭无力负担;

4.重度残疾人、失能特困老年人等特殊人口以及劳动力弱的家庭,存在返贫致贫风险;

5.家中有在读大学生,家庭无力负担;

6.家里因灾,因意外事故等造成收入大幅减少或支出大幅增加,影响了基本生活。

二、申报方式

可以本人或委托他人通过以下方式申请。

1.找干部。向所在村(社区)申请,易地搬迁群众和随迁群众向所在安置区申请;

2.打电话,拨打 12317。

3.扫“一码通”。

(1)微信扫描“一码通”二维码(如下图),按要求填报相关信息,即可自主申报。

(2)农户通过西藏公安“互联网+政务服务平台”-应用中心-帮扶专区-帮扶申请,填写申报信息进行申报。


三、申请须知

1.如申请监测对象,需要配合我们开展入户核实,需要如实准确提供家庭和成员有关情况信息,并授权我们依法依规核查核实家庭成员的收入、财产等相关信息,经村内评议公示,由县乡逐级审核批准。

2.如已成为监测对象,我们将根据存在的实际困难和突出问题,从住房安全保障、饮水安全保障、健康帮扶、教育帮扶、产业帮扶、就业帮扶、金融帮扶、综合保障、社会帮扶等方面选择对应措施进行帮扶。

3.如家庭困难问题已经解决、年人均纯收入稳定超过当

年防止返贫监测范围、“三保障”及饮水安全持续巩固、返贫致贫风险已经稳定消除的监测对象,经过入户核实、评议公示和审核批准后,将认定返贫致贫风险已经消除,此后不再进行针对性帮扶。对风险消除稳定性较弱,特别是收入不稳定、刚性支出不可控的,在促进稳定增收方面继续给予帮扶,风险稳定消除后再履行相应程序。对整户无劳动能力的监测对象,落实兜底保障措施后,暂不消除。过渡期内,除风险自然消除外,收入持续稳定原则上不少于半年。

4.风险消除后,如家庭出现了新的困难问题,可再次提出申请。


我们相信,在大家的共同努力下,通过落实防止返贫监测帮扶政策,监测对象遇到的困难问题一定能够得到及时有效解决。希望广大农牧民朋友们能够自力更生,感恩奋进,通过自己的努力不断改善生活状况,用自己的双手勤劳致富,让生活更上一层楼!

    

 噶尔县农业农村和科技水利局  

                                         

防止返贫

དབུལ་ལོག་སྔོན་འགོག་ལྟ་ཞིབ་ཁ་གཏད་ཀྱིས་སྲིད་ཇུས་རེ་ཞུའི་སྐོར་གྱི་གསལ་ཡིག


རྒྱ་ཆེའི་ཞིང་འབྲོག་གྲོགས་པོ་ཚོ།

      2020ལོའི་ལོ་མཇུག་ཏུ།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དམག་ཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་།  ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ལྟར་གྲོང་གསེབ་ཀྱི་དབུལ་པོ་ཚང་མ་དབུལ་གྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་མེད་པ་གྱུར་ཡོད།  འོན་ཀྱང་ཞིང་འབྲོག་ཁྱིམ་དུད་ཁག་གཅིག་གི་གོང་འཕེལ་རྨང་གཞི་ཅུང་ཞན་པ་དང་།  ཞིང་འབྲོག་ཁྱིམ་དུད་ཁག་གཅིག་ལ་ནད་གཞི་དང་གེགས་བར་སོགས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་ཡོད་པས། གལ་ཏེ་དུས་ཐོག་ཏུ་རོགས་སྐྱོར་བྱེད་མི་ཐུབ་ཚེ་ཡང་བསྐྱར་དབུལ་པོ་ཆགས་ཉེན་ཡོད།  ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་།  བར་བརྒལ་གྱི་དུས་མཚམས་རིང་།  ང་ཚོས་དབུལ་ལོག་སྔོན་འགོག་གི་འགུལ་ཕྱོགས་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད་པས། ད་ལྟ་འབྲེལ་ཡོད་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་གསལ་བཤད་བྱ་རྒྱུ་གཤམ་གསལ།

གཅིག  རེ་ཞུ་བྱེད་པར་ཚང་དགོས་པའི་ཆ་རྐྱེན། 

  རང་ལྗོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8000(ཚུད)ལས་དམའ་བ་དེ་2024ལོའི་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཁོངས་སུ་འཇོག་རྒྱུ་དང་། དེ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཁ་གཏད་ཁོངས་སུ་འཇོག་མིན་ཐག་གཅོད་བྱེད་པའི་ཡོང་འབབ་ཀྱི་ཚད་གཞིར་འཛིན་རྒྱུ། དབུལ་ལོག་སྔོན་འགོག་ལྟ་ཞིབ་བྱེད་པའི་ཁྱབ་ཁོངས་དེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་།  གྲོང་གསེབ་ཀྱི་གྲོང་མིའི་སྤྱོད་འཐུས་ཡོང་འབབ་ཀྱི་འཕར་ཚད།  ཟོག་གོང་བསྡུར་གྲངས་ཀྱི་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་ལོ་ལྟར་སྐབས་བསྟུན་ལེགས་སྒྲིག་བྱ་རྒྱུ།  རྩ་དོན་ཐོག་ལྟ་ཞིབ་ཁ་གཏད་རེ་ཞུ་བྱེད་པར་གྲོང་གསེབ་ཀྱི་ཐེམ་ཁོངས་ཡིན་དགོས་པ་དང་།  མ་མཐར་ཡང་གཤམ་གྱི་དབུལ་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་རིགས་གཅིག་ཡོད་དགོས་པ་སྟེ།

1.ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དེར་བདེ་འཇགས་ཀྱི་ཉེན་ཁ་ཡོད་ཅིང་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་རིགས།

2.ཁྱིམ་ཚང་གི་འཐུང་ཆུར་དཀའ་ངལ་འཕྲད་ནས་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་རིགས།

 འཐུང་ཆུ་ཆད་ནས་ཟླ་བ་1ལས་བརྒལ་བ་དང་ཆུའི་སྤུས་ཚད་ལ་གནད་དོན་ཡོད་པ། ཆུ་ལེན་སའི་བར་ཐག་རིང་བ་སོགས་ཀྱི་གནད་དོན་ཡོད་པའི་རིགས།

3.ཁྱིམ་མིར་ནད་གཞི་ཚབས་ཆེན་དང་ཡུན་རིང་གཅོང་ནད་སོགས་ཕོག་ནས་སྨན་རིན་མཐོ་བས་ཁྱིམ་ཚང་ལ་སྨན་རིན་འཇལ་བའི་ནུས་པ་མེད་པའི་རིགས།

4.ཚབས་ལྕིའི་དབང་པོ་སྐྱོན་ཅན་དང་ནུས་པ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་སོགས་དམིགས་བསལ་མི་འབོར་དང་།  དེ་བཞིན་ངལ་རྩོལ་ནུས་ཤུགས་ཞན་པའི་ཁྱིམ་ཚང་ལ་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་ཡོད་པའི་རིགས།

5.ཁྱིམ་ནང་སློབ་ཆེན་འགྲིམས་བཞིན་པའི་སློབ་མ་ཡོད་པས་ཁྱིམ་ཚང་ལ་འགྲོ་སོང་གཏོང་བའི་ནུས་པ་མེད་པའི་རིགས།

6.ཁྱིམ་དུ་གནོད་འཚེ་ཕོག་པ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བ་སོགས་ཀྱིས་རྐྱེན་པས་ཡོང་འབབ་ཉུང་དུ་ཕྱིན་པའམ་ཡང་ན་གཏོང་སྒོ་མང་དུ་སོང་ནས་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་པའི་རིགས།

       

གཉིས།  རེ་ཞུ་བྱེད་ཐབས།

རང་ཉིད་དམ་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ནས་གཤམ་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་རེ་ཞུ་བྱེད་ཆོག

1.ལས་བྱེད་པ་འཚོལ་བ། གནས་སའི་གྲོང་ཚོ་(སྡེ་ཁུལ་)ལ་རེ་ཞུ་བྱེད་པ་དང་ཡུལ་གཞན་དུ་གནས་སྤོས་མང་ཚོགས་དང་མཉམ་སྤོའི་མང་ཚོགས་གནས་སའི་བཀོད་སྒྲིག་ཁུལ་ལ་རེ་ཞུ་བྱེད་དགོས།

2.ཁ་པར་བརྒྱབ་ནས་རེ་ཞུ་བྱེད་དགོས། ཁ་པར་ཨང་གྲངས། 12317 

3.སྐད་འཕྲིན་རྟགས་བཤེར། རྩ་གཉིས་རྟགས་བཤེར( གཤམ་འོག་གི་རི་མོ་ལྟར) ཀྱི་རེ་བ་ལྟར་འབྲེལ་ཡོད་ཆ་འཕྲིན་བྲིས་ནས་རང་མོས་ངང་རེ་ཞུ་བྱས་ཆོག།

ཞིང་དུད་ཀྱིས་བོད་ལྗོངས་སྤྱི་བདེའི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི་ལས་སྟེགས”དང་། བཀོལ་སྤྱོད་ལྟེ་གནས། རོགས་སྐྱོར་ཆེད་ཁུལ། རོགས་སྐྱོར་རེ་ཞུ་བཅས་བརྒྱུད་ནས་རེ་ཞུའི་ཆ་འཕྲིན་བྲིས་ནས་རེ་ཞུ་བྱེད་དགོས།    

གསུམ།  རེ་འདུན་ཞུ་སྐབས་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ། 

1.གལ་ཏེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་རེ་ཞུ་བྱེད་པར་ང་ཚོས་དུད་ཚང་དུ་བསྐྱོད་དེ་ཞིབ་དཔྱད་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་། ཁྱིམ་ཚང་དང་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་གྱི་ཆ་འཕྲིན་ཡང་དག་པ་མཁོ་འདོན་བྱེད་དགོས་པ་མ་ཟད། ང་ཚོར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྱིམ་མིའི་ཡོང་འབབ་དང་རྒྱུ་ནོར་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཞིབ་དཔྱད་བསྡུར་བཤེར་བྱ་རྒྱུ་ཡིན། གྲོང་ཚོའི་ནང་དཔྱད་མོལ་ཡོངས་བསྒྲགས་བྱས་པ་བརྒྱུད་རྫོང་དང་ཤང་གིས་རིམ་པ་བཞིན་ཞིབ་དཔྱད་ཆོག་མཆན་སྤྲོད་རྒྱུ།

2.གལ་ཏེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་གྱུར་ཚེ་ང་ཚོས་དངོས་ཡོད་དཀའ་ངལ་དང་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་སྡོད་ཁང་གི་བདེ་འཇགས་འགན་ལེན་དང་། འཐུང་ཆུའི་བདེ་འཇགས་འགན་ལེན། བདེ་ཐང་རོགས་སྐྱོར། སློབ་གསོའི་རོགས་སྐྱོར། ཐོན་ལས་རོགས་སྐྱོར། ལས་ཞུགས་རོགས་སྐྱོར།  དངུལ་རྩའི་རོགས་སྐྱོར།  ཕྱོགས་བསྡུས་འགན་ལེན།  སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ཐད་ནས་དེ་མཚུངས་ཀྱི་བྱ་ཐབས་བདམས་ཏེ་རོགས་སྐྱོར་བྱ་རྒྱུ་ཡིན།

3.དཔེར་ན་ཁྱིམ་ཚང་གི་དཀའ་ངལ་གནད་དོན་ཐག་གཅོད་བྱས་ཟིན་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་དེ་ལོ་དེའི་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ལས་བརྒལ་བ། “འགན་སྲུང་གསུམ”དང་དེ་བཞིན་འཐུང་ཆུའི་བདེ་འཇགས་རྒྱུན་མཐུད་བརྟན་པོ་བྱུང་བ། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་བརྟན་པོའི་ངང་མེད་པར་གྱུར་པ་བཅས་ཀྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་དུ་བསྐྱོད་དེ་ཞིབ་དཔྱད་དང་། དཔྱད་མོལ་ཡོངས་བསྒྲགས། ཞིབ་བཤེར་ཆོག་མཆན་ཐོབ་རྗེས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་མེད་པར་བརྩིས་ནས། རྗེས་སུ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་མི་བྱེད། ཉེན་ཁ་སེལ་བའི་བརྟན་ལྷིང་རང་བཞིན་ཅུང་ཞན་པ་དང་ལྷག་པར་དུ་ཡོང་འབབ་བརྟན་པོ་མེད་པ་དང་མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཚོད་འཛིན་བྱེད་ཐབས་བྲལ་བའི་རིགས། འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་རོགས་སྐྱོར་བྱས་ཏེ་ཉེན་ཁ་བརྟན་པོའི་ངང་སེལ་རྗེས་དེ་མཚུངས་ཀྱི་གོ་རིམ་ལག་བསྟར་བྱེད་རྒྱུ། དུད་ཚང་ཧྲིལ་པོར་ངལ་རྩོལ་ནུས་ཤུགས་མེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་ཐ་སྐྱོང་འགན་ལེན་བྱ་ཐབས་དོན་འཁྱོལ་བྱས་རྗེས་གནས་སྐབས་མེད་པ་མི་བཟོ། བར་བརྒལ་དུས་སྐབས་ནང་ཉེན་ཁ་རང་ཤུགས་སུ་སེལ་བ་ཕུད་ཡོང་འབབ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རྩ་དོན་ཐོག་ལོ་ཕྱེད་ལས་མི་ཉུང་བ་བྱེད་དགོས།

4.ཉེན་ཁ་སེལ་རྗེས། གལ་ཏེ་ཁྱིམ་ཚང་ལ་དཀའ་ངལ་གནད་དོན་གསར་པ་བྱུང་ཚེ། ཡང་བསྐྱར་རེ་ཞུ་བྱེད་ཆོག

ཚང་མའི་ཐུན་མོང་གི་འབད་བརྩོན་འོག་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་འཕྲད་པའི་དཀའ་ངལ་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོར་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་པས་རང་སྟོབས་རང་སྤེལ་དང་དྲིན་ཚོར་ཡར་བརྩོན་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱིས་འཚོ་བ་སྔར་ལས་ལྷག་པར་ཡོང་བ་བྱེད་དགོས།



ལྷན་རྒྱས་ཚང་མས་མཉམ་དུ་འབད་བརྩོན་བྱས་པའི་འོག དབུལ་ལོག་སྔོན་འགོག་ལྟ་ཞིབ་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། ལྟ་ཞིབ་ཁ་གཏད་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། རེ་བར་རྒྱ་ཆེའི་གྲོགས་པོ་ཞིང་འབྲོག་མང་ཚོགས་ཚོས་རང་སྟོབས་རང་འཕེལ་དང་།  དྲིན་ཚོར་འབད་འཐབ་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་གནས་བབ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་།  རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱས་ཏེ་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས།

 

སྒར་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་ནས།


རྩ་གཉིས་རྟགས་རིས་བཤེར་ནས་རེ་ཞུ་བྱེད།

微信扫描“一码通”二维码

来源  : 噶尔融媒

编辑(一审):次仁卓玛

责编(二审):格桑曲珍

终审(三审):胡文涛


网信噶尔
发布噶尔经济、民生、建设成绩和风景、民俗、旅游图片资料。
 最新文章